གསར་འགྱུར་ཡིག་ཚགས།
2025-05-08
རྒྱ་ནག་དམར་ཤོག་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ལ་ཐེ་གཏོགས་དང་། ཡང་སྲིད་ཀྱི་བདག་དབང་རྒྱ་ནག་གཞུང་ལ་ཡོད་ཚུལ་གྱི་སྒྲོ་འདོགས་འཁྱོག་བཤད་ཇེ་ཆེར་བྱེད་བཞིན་པའི་དུས་སྐབས་སུ། ད་ལོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པ་དང་བསྟུན། ༸སྐུའི་ཡང་སྲིད་ཕེབས་ཕྱོགས་ཐད་ལམ་སྟོན་ཁ་གསལ་གནང་བའི་རེ་སྒུག་ཞུ་བཞིན་ཡོད།
2025-05-07
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ། བལ་ཡུལ་ཤང་དགའ་ལྡན་ཆོས་འཁོར་གླིང་དང་། ཆ་ཕྲེང་མི་མང་ཁག་གཅིག དེ་བཞིན་ཕག་རི་མི་མང་བཅས་ནས་ཚེ་དཔག་མེད་དྭང་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ།
2025-05-07
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧྥེ་ཊིག་མར་ཛི་མཆོག་ཇར་མ་ནིའི་དབུ་ཁྲིད་དུ་བདམས་ཐོན་བྱུང་བར་འཚམས་འདྲི་མཛད་འདུག
2025-05-05
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་དང་། ཤར་སྤྲུལ་རིན་པོ་ཆེ། དགེ་བཤེས་ལྷུན་གྲུབ་བཟོད་པ་རིན་པོ་ཆེའི་ཡང་སྲིད་གཙོས་པའི་ཕྱི་ནང་གི་དད་ལྡན་པ་ ༤༣༠ ལྷག་ལ་མཇལ་ཁ་སྩལ་འདུག
2025-05-04
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་སི་ཊི་ལི་ཡའི་འོས་བསྡུ་ཆེན་མོའི་ཁྲོད་སྐུ་ཞབས་ཨན་ཊོ་ནི་ཨལ་བྷ་ནི་སི་(Anthony Albanese)མཆོག་གི་སྲིད་དོན་ཚོགས་པར་རྒྱལ་ཐོབ་སྟེ། ཁོང་ཉིད་སླར་ཡང་སྲིད་བློན་དུ་བདམས་ཐོན་བྱུང་བར་འཚམས་འདྲི་མཛད་འདུག
2025-05-02
ཕྱི་ལོ་ ༢༠༢༥ ཟླ་ ༥ ཚེས་ ༢ ཉིན་་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་རིགས་ཚན་རིག་པ་དབར་གྱི་བགྲོ་གླེང་ཐེངས་གསུམ་པ་དེ་གནང་ཡོད་པ་དང་། སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། མགོན་པོ་གང་ཉིད་རྒྱ་གར་ལུང་པའི་ནང་བཙན་བྱོལ་དུ་བཞུགས་ཡུན་རིང་། རྒྱལ་ཁབ་འདྲ་མིན་གྱི་མཁས་པ་དང་ཚན་རིག་པ་རྣམས་དང་བཀའ་བསྡུར་གནང་རྒྱུའི་གོ་སྐབས་བྱུང་ཡོད་སྐོར་བཀའ་སྩལ་མཛད་འདུག
2025-05-01
ཨ་རིའི་ (Tribeca Film Festival) གློག་བརྙན་དུས་སྟོན་ཚོགས་པས། སྐུ་མདུན་ཞེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་ལོ་རྒྱུས་སྐོར་གྱི་གློག་བརྙན་དེ་བཞིན། འདི་ལོར་མགོན་པོ་མཆོག་གི་༸སྐུའི་གོ་སྟོན་དང་བསྟུན་ཊེ་བྷེ་ཀ་གློག་བརྙན་དུས་སྟོན་ཐོག་ནིའུ་ཡོག་ཏུ་གཟིགས་འབུལ་ཞུ་རྒྱུ་ཡིན་པའི་གསལ་བསྒྲགས་གནང་ཡོད་པ་རེད་འདུག