ཐའེ་ལྦན་ལྷོ་ཕྱོགས་ཁུལ་དུ་ཆར་རླུང་གི་གོད་ཆགས།

ཐའེ་ལྦན་ལྷོ་ཕྱོཌ་སུ་ཡོད་པའི་རི་ལྡེབ་ཀྱི་གྲོང་གསེབ་ཅིག་འདམ་རུད་ཀྱི་འོག་ཚུད་དེ་ཉུང་མཐར་མི་གྲངས་བརྒྱ་གསོན་སྦས་ཕྱིན་ཡོད་པར་ཞེད་སྣང་།

2009.08.11

༄༅༎ཐའེ་ལྦན་ལྷོ་ཕྱོགས་སུ་ཡོད་པའི་རི་ལྡེབ་ཀྱི་གྲོང་གསེབ་ཅིག་འདམ་རུད་ཀྱི་འོག་ཚུད་དེ་ཉུང་མཐར་མི་གྲངས་བརྒྱ་གསོན་སྦས་ཕྱིན་ཡོད་པར་ཞེད་སྣང་བྱེད་བཞིན་ཡོད་པ་དང་ཁོང་ཚོའི་ཕུང་པོ་རྙེད་སོན་ཐུབ་མེད་ཅིང་ཐེངས་འདིའི་མ་ར་ཀོཊ་ཞེས་མིང་བཏགས་པའི་ནུབ་ཞི་བདེ་རྒྱ་མཚོ་ནས་བྱུང་བའི་ཆར་རླུང་དྲག་འཚུབ་དེས་རྐྱེན་བྱས་སྟེ་ཐའེ་ལྦན་གཅིག་པུའི་ནང་མི་བཞི་ཅུ་ཞེ་གཅིག་ཙམ་གྱི་ཚེ་སྲོག་ཤོར་ཡོད་པ་ཐའེ་ལྦན་གཞུང་གིས་གསལ་བཤད་བྱས་ཡོད་པ་རེད།

ཆར་རླུང་དྲག་འཚུབ་དེ་ཐོག་མར་ཐའེ་ལྦན་གླིང་ཕྲན་གྱི་ནང་སླེབས་སྟེ་ད་བར་བྱུང་མྱོང་མེད་པ་ཆར་པ་མི་ཊར་གསུམ་ཙམ་བཏང་པ་དང་ཆར་ཤུགས་ཀྱི་རྐྱེན་པས་ཐོག་རྩེགས་ཅན་གྱི་ཁང་པ་དང་ལམ་གཞུང་ལ་སོགས་པ་ཆུས་འཁྱེར་སྟེ་གོད་ཆགས་ཚབས་ཆེ་བཟོས་པའི་རྗེས་རིམ་པས་ཆར་རླུང་དེ་རྒྱ་ནག་སྐམ་ས་ཆེན་པོའི་ཕྱོགས་སུ་བསྐྱོད་སྟེ་དེར་ཡང་མི་རྒྱུ་གཉིས་ཀར་གོད་ཆགས་བཟོས་ཡོད་པ་རེད།

ཐའེ་ལྦན་རྒྱལ་ཡོངས་མེ་སྐྱོབ་ལས་ཁང་གིས་བརྗོད་པར་གཞིགས་ན་ཐེངས་འདིའི་ཆར་རླུང་དྲག་ཚུབ་འདི་ནི་འདས་པའི་ལོ་ལྔ་བཅུའི་ནང་གི་ཆེ་ཤོས་ཤིག་ཡིན་འདུག་ཅིང་གོད་ཆགས་ཆེ་ཤོས་ཐའེ་ལྦན་ལྷོ་ཕྱོགས་སུ་བྱུང་ཡོད་པ་དང་ལྷོ་ཕྱོགས་ཀའོ་ཤོང་རྫོང་ནང་ཡོད་པའི་ཤའོ་ལིན་ཞེས་པ་རི་ལྡེབ་ཀྱི་གྲོང་གསེབ་དེའི་ནང་གི་སྡོད་ཁང་ཉིས་བརྒྱ་ཙམ་ཡོད་པ་ནས་ཕྱེད་ཀ་འདམ་རུད་ཀྱི་འོག་ཚུད་སྟེ་ཡོངས་སུ་མེད་པ་ཆགས་ཡོད་འདུག ད་ལྟ་གྲོང་གསེབ་དེའི་ནང་བསྐྱོད་པའི་འགྲོ་ལམ་དང་ཟམ་པ་ཡོངས་རྫོགས་ཆུས་འཁྱེར་ཟིན་སྟབས་ཐད་འཕུར་གནམ་གྲུ་ཁོ་ནའི་ཐོག་ནས་མྱུར་སྐྱོབ་ཀྱི་ལས་དོན་སྤེལ་དགོས་པ་ཆགས་ཡོད་འདུག་ལ་ཐད་འཕུར་གནམ་གྲུ་གཅིག་འདབ་སྐྱོན་བྱུང་སྟེ་དེའི་ནང་གི་མི་ཡོངས་རྫོགས་མེད་པ་ཆགས་ཡོད་འདུག

དེ་བཞིན་ཆིཡ་ཡི་རྫོང་དང་པིང་ཏུང་རྫོང་སོགས་ཐའེ་ལྦན་ལྷོ་ཕྱོགས་ཀྱི་ས་ཁུལ་མང་པོའི་ནང་གི་གྲོང་དང་གྲོང་ཁྱེར་ཁག་གི་ནང་གློག་དང་འཐུང་ཆུ་མེད་པ་སོགས་ཀྱི་དཀའ་ངལ་ཅི་ཆེར་འཕྲད་བཞིན་ཡོད་འདུག་ཅིང་ཐའེ་ལྦན་གྱི་རོགས་ཚོགས་དང་ཁེ་གཉེར་ལས་ཁང་ཁག་གིས་གོད་ཆགས་ཕོག་ཡུལ་གྱི་ས་ཁུལ་ཁག་ཏུ་བཟའ་བཏུང་གི་རོགས་རམ་མཁོ་སྤྲོད་བྱེད་ཆེད་དཔལ་འབྱོར་འདུ་འགོད་ཀྱི་ལས་གཞི་སྤེལ་བཞིན་ཡོད་པ་དང་གཟའ་ཟླ་བ་གཅིག་པུའི་ཉིན་ཐའེ་ལྦན་གྱི་ཌོ་ལར་ས་ཡ་བརྒྱད་བརྒྱ་ཙམ་གྱི་ཞལ་འདེབས་ཕུལ་འབྱོར་བྱུང་ཡོད་འདུག

ཕྱི་ལོ་༡༩༥༩ལོར་ཐའེ་ལྦན་གྱི་ནང་ཆར་རླུང་དྲག་འཚུབ་ཤུགས་ཆེ་ཞིག་བྱུང་བ་དེི་འོག་མི་གྲངས་༦༦༧ཙམ་རྐྱེན་འདས་སུ་ཕྱིན་ཡོད་འདུག་པ་དང་མི་གྲངས་ཆིག་སྟོང་ཙམ་ཡོངས་སུ་རྙེད་སོན་མ་ཐུབ་པའི་གནས་ཚུལ་བྱུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎