ཇོ་བོ་རྗེ་དང་འབྲེལ་བའི་དགོན་རྙིང་གསར་རྙེད་བྱུང་བ།


2015.02.20
ཇོ་བོ་རྗེ་དང་འབྲེལ་བའི་དགོན་རྙིང་གསར་རྙེད་བྱུང་ཡུལ། ༢༠༡༥།༢ ཇོ་བོ་རྗེ་དང་འབྲེལ་བའི་དགོན་རྙིང་གསར་རྙེད་བྱུང་ཡུལ། ༢༠༡༥།༢
དྲ་བཤུས། Pinaki Roy

ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་འབྲེལ་བའི་ལོ་ངོ་སྟོང་ཅན་གྱི་ནང་པའི་དགོན་པ་ཞིག་གསར་དུ་རྙེད་སོན་བྱུང་ཡོད་འདུག
དེ་ཡང་Bangladeshདང་རྒྱ་ནག་གི་གནའ་རྫས་རྟོག་ཞིབ་རིག་པ་ཁག་ཅིག་ནས་ཇོ་བོ་རྗེ་དཔལ་ལྡན་ཨ་ཊི་ཤ་འཁྲུངས་ཡུལ་Bangladeshགི་Mushigangཞེས་པའི་གྲོང་ཁྱེར་གྱི་Nateshwarས་གནས་ནང་ཉིན་གྲངས་༥༠ཙམ་རིང་གནའ་རྫས་སྔོག་འདོན་བྱེད་སྐབས། ས་ཁུལ་དེའི་ནང་དམིགས་བསལ་ཁྱད་ཆོས་ལྡན་པའི་ངོ་སྟོང་ཕྲག་ལྷག་གི་ནང་པའི་དགོན་པ་ཞིག་གསར་དུ་བརྙེད་སོན་བྱུང་འདུག ད་དུང་དེ་བརྒྱུད་དཔལ་ལྡན་ཨ་ཊི་ཤ་སྐུ་ན་ཆུང་དུས་སྐབས་ཀྱི་ལོ་རྒྱུས་སྐོར་གནས་ཚུལ་གསར་པ་ཤེས་རྟོགས་ཐུབ་རྒྱུ་ཡིན་པར་གསལ་འདུག Mushigangཞེས་པའི་ས་ཁུལ་Nateshwarས་གནས་དེ་བཞིན་Bangladeshནང་གནའ་རྗས་རྟོག་ཞིབ་བྱ་ཡུལ་སྙིང་ཤོས་ཤིག་ཡིན་པ་དང་། ད་རེས་ཀྱི་གནའ་རྫས་སྔོག་འདོན་གྱི་ལས་དོན་སྐབས། ས་ཁུལ་དེའི་ནང་དཔལ་ལྡན་ཨ་ཊི་ཤའི་དུས་རབས་སྐབས་ཀྱི་ནང་པའི་མཆོད་རྟེན་ཟུར་བརྒྱད་ཅིག་དང་། མཆོད་རྟེན་གྱི་ཉེ་འགྲམ་དུ་རིང་ཚད་མི་ཊར་༢དང་ཕྱེད་ཀ་བྱས་པའི་རྩིག་པ་ཞིག་ཀྱང་བརྙེད་སོན་བྱུང་འདུག
ད་རེས་ཀྱི་གནའ་རྫས་རྟོག་ཞིབ་ཀྱི་ལས་དོན་འདི་བཞིན་༢༠༡༣ལོར་Bangadeshདང་། རྒྱ་ནག་གི་གནའ་རྫས་རྟོག་ཞིབ་རིག་པ་བས་མཉམ་འབྲེལ་བྱས་འདུག་ལ་རྟོག་ཞིབ་རུ་ཁག་གི་འགོ་འཁྲིད་Bangadeshགི་གནའ་རྫས་རིག་པ་བ་སློབ་དཔོན་Sufi Mustafizurཡིས། ད་རེས་གསར་དུ་བརྙེད་སོན་བྱུང་བའི་གནས་རྫས་དེ་དག་ལ་Carbon datingཞེས་པའི་འཕྲུལ་རིག་བརྒྱུད་དུས་ཚེས་གཏན་འབེབས་བྱས་པའི་རྗེས་གནའ་རྫས་དེ་དག་གི་ལོ་རྒྱུས་དང་། རྒྱབ་ལྗོངས་སྐོར་ཞིབ་ཕྲ་གསལ་རྟོགས་ཐུབ་པ་མ་ཟད། གནའ་རྫས་དེ་དག་གིས་དཔལ་ལྡན་ཨ་ཊི་ཤ་སྐུ་ན་གཞོན་དུས་སྐབས་ཀྱི་ལོ་རྒྱུས་གནས་ཚུལ་གསར་པ་ཤེས་རྟོགས་ཐུབ་ངེས་ཡིན་སྟབས་ས་གནས་འདི་རིམ་བཞིན་ནང་པའི་གནས་རྩ་ཆེན་ཞིག་ཏུ་འགྱུར་རྒྱུའི་རེ་བ་ཡོད་ལུགས་གསུངས་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎