བོད་རང་བཙན་ཚོགས་ཆེན།

༸རྒྱལ་མཆོག་སྐུ་ཕྲེང་༡༣པ་ཆེན་པོས་བོད་རང་བཙན་གསལ་བསྒྲགས་བསྐྱངས་ནས་མི་ལོ་༡༠༠འཁོར་བའི་དུས་དྲན་སྲུང་བརྩི།

2013.02.13
༸རྒྱལ་མཆོག་སྐུ་ཕྲེང་༡༣པ་ཆེན་པོས་བོད་རང་བཙན་གསལ་བསྒྲགས་བསྐྱངས་ནས་མི་ལོ་༡༠༠འཁོར་བའི་དུས་དྲན་སྲུང་བརྩི།
དཀར་མཛེས་བ་བསོད་ནམས་དབང་འདུས།

༄༅༎༸རྒྱལ་མཆོག་སྐུ་ཕྲེང་༡༣པ་ཆེན་པོ་མཆོག་གིས་བོད་རང་བཙན་གྱི་གནས་བབས་གསལ་བསྒྲཌ་བསྐྱངས་ནས་ལོ་༡༠༠འཁོར་བའི་དུས་དྲན་སྲུང་བརྩི་དང་འབྲེལ་ཁ་ས་ཕྱི་ཚེས་༡༣་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་རྒྱས་པའི་སྔོན་འགྲོའི་ཚོགས་འདུ་ཐེངས་བཞི་པ་དེ་དབུ་འཛུཌ་གནང་འདུག རྒྱལ་སྤྱིའི་བོད་རང་བཙན་གྱི་ཚོགས་ཆེན་དེ་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་རྒྱུན་ལས་ཁང་དང་ལྡི་ལི་བོད་སྒར་བསམ་ཡས་གླིང་ །རོ་ཧི་ནི་ས་གནས་གཞོན་ནུ་ལྷན་ཚོགས་བཅས་ཀྱིས་མཐུན་འགྱུར་འོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་གན་དྷིའི་ཞི་བདེིའི་ཐེབས་རྩ་ཁང་གི་ཚོགས་ཁང་ནང་འཚོགས་གནང་འདུག  ཁ་ས་སྔ་དྲོ་དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཟུང་འབྲེལ་དྲུང་ཆེ་བསྟན་འཛིན་ནོར་བཟང་ལགས་ཀྱིས་ཚོགས་འདུ་དབུ་འཛུགས་ཀྱི་མཛད་རིམ་སྒྲོག་སྦྱང་གནང་བ་དང་འབྲེལ། སྔ་དྲོའི་ཕྱག་ཚོད་༩དང་ཕྱེད་ཀའི་ཐོག་སྐྱབས་རྗེ་ཤིང་ཟ་རིན་པོ་ཆེ་མཆོག་གིས་སྣང་གསལ་མར་མེ་ཞལ་འབྱེད་གནང་རྗེས་བོད་དང་རྒྱ་གར་གྱི་རྒྱལ་གླུ་དང་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་ངག་བཅད་སྐར་མ་གཅིག་རིང་ཞུས། དེ་ནས་གཞོན་ལྷན་གྱི་ཚོགས་གཙོ་གཞོན་པ་དོན་གྲུབ་ལྷ་དར་ལགས་ཀྱིས་རྒྱལ་མཆོད་སྐུ་ཕྲེང་༡༣པ་ཆེན་པོ་མཆོག་གིས་བོད་རང་བཙན་གྱི་གནས་བབས་གསལ་བསྒྲགས་བསྐྱངས་པའི་དུས་དྲན་སྲུང་རྩི་ཞུ་རྒྱུར་དོན་སྙིང་ཆེན་པོ་གསུམ་ཡོད་སྐོར་ངོས་འཛིན་ཞུ་ཡི་ཡོད་ཅིང་། ༡༽རྒྱལ་མཆོག་སྐུ་ཕྲེང་༡༣་པ་ཆེན་པོ་མཆོག་གིས་བོད་རྒྱལ་ཁབ་དང་བོད་མི་རིགས་ལ་བཞག་པའི་རླབས་ཆེན་གྱི་མཛད་རྗེས་ལ་སྙིང་ཐག་པ་ནས་བཀའ་དྲིན་རྗེས་དྲན་ཞུ་བ་དང་།
༢༽བོད་རང་བཙན་གྱི་གནས་བབས་ཁུངས་སྐྱེལ་ཐུབ་པ་  ༣༽དེ་ང་ཚོའི་རྒྱལ་ཁབ་ཀྱི་དགྲ་བོ་རྒྱ་དམར་གཞུང་གིས་བཙན་གནོན་ལ་ངོ་རྒོལ་དང་ང་ཚོས་རང་བཙན་འཐབ་རྩོད་མུ་མཐུད་ནས་བྱ་རྒྱུ་ཡིན་སྐོར་གསུངས་པ་དང་སྦྲགས་མ་འོངས་པར་བོད་རང་བཙན་འཐབ་རྩོད་བྱེད་ཕྱོགས་ལ་ལེགས་བཅོས་བྱ་རྒྱུ་ཀྱི་ཆེད་དུ་དམིགས་ནས་རང་བཙན་ཚོགས་འདུ་དེ་ཚོགས་གནང་བ་ཡིན་སོགས་གསུངས་འདུག  དེ་ནས་བོད་ཀྱི་གཞོན་ནུ་ལྷན་ཚོཌ་ཀྱི་དབུས་རྒྱུན་ཟུར་པ་དང་རྩོམ་པ་པོ་འཇམ་དབྱངས་ནོར་བུ་ལགས་ཀྱིས་ཕྱོགས་སྒྲིག་གནང་བའི་བོད་རང་བཙན་གྱི་བདེན་དོན་ཞེས་འགོ་བརྗོད་དུ་འཁོད་པའི་དཔེ་དེབ་དེ་བོད་ཡིག་དང་།ཨིན་ཡིག ཧིན་རྡི། རྒྱ་ཡིག་བཅས་སྐད་ཡིག་བཞིའི་ཐོག་གཞོན་ལྷན་གྱིས་པར་སྐྲུན་གནང་བ་དང་བོད་རང་བཙན་གྱི་བདེན་རྟགས་ཞེས་པའི་གྱང་སྦྱར་པར་རིས་བཅས་གཞོན་ལྷན་གྱི་ཚོཌ་གཙོ་ཟུར་པ་ལྷ་བཟང་ཚེ་རིང་ལཌ་ཀྱིས་དབུ་འབྱེད་ཀྱིས་འགྲེམས་སྤེལ་གནང་འདུག  རྒྱལ་སྤྱིའི་བོད་རང་བཙན་གྱི་ཚོཌ་ཆེན་དེ་བཞིན་ཕྱི་ཙེས་༡༣་དང་༡༤་ཉིན་གཉིས་རིང་ཚོགས་རྒྱུ་དང་། བོད་དོན་རྒྱབ་སྐྱོར་བ་དང་རྩོམ་པ་པོ།གཞོན་ནུའི་དབུས་རྒྱུན་ཟུར་པ་དང་།ས་གནས་གཞོན་ནུའི་རྒྱུས་ལས་དང་འཐུས་མི་སོགས་ནས་མི་གྲངས་༤༠་ལྷག་ཚོགས་བཞུགགས་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྟན་འགྲོ་སྤྱིའི་དོན་དུ་མཛད་འཕྲིན་མུ་མཐུད་བསྐྱང་རྒྱུའི་བཀའ་བཞེས་ཕེབས་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎