ཨ་རིའི་རྒྱལ་སར་བོད་མིའི་རང་དབང་སྒེར་ལངས་དུས་དྲན་སྲུང་བརྩི།
2016.03.10
བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཨ་རིའི་རྒྱལ་སའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་རྒྱ་ནག་གཞུང་ལ་ངོ་རྒོལ་རྔམ་སྟོན་སྐད་འབོད་གནང་བ།
དེ་ཡང་འདི་ཚེས་༡༠ཉིན། ཨ་མི་རི་ཀའི་རྒྱལ་ས་ཝ་ཤིན་ཀྲོན་ནང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་དང་ས་གནས་བོད་ཀྱི་གཞོན་ནུ་ཚོགས་པ་གཉིས་མཉམ་འབྲེལ་གོ་སྒྲིག་འོག་རྒྱ་ནག་གི་གཞུང་ཚབ་ལས་ཁུངས་མདུན་དང་སྲིད་འཛིན་གྱི་ཕོ་བྲང་དཀར་པོའི་མདུན་དུ། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་རྔམ་སྟོན་སྐད་འབོད་ཀྱི་ལམ་ནས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༥༧་པ་སྲུང་བརྩི་གནང་ཡོད་པ་རེད།
ལས་འགུལ་བ་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་རྔམ་སྟོན་སྐད་འབོད་ཙམ་མ་ཟད། རྒྱ་ནག་གཞུང་ཚབ་ལས་ཁུངས་ནས་ཨ་རིའི་སྲིད་འཛིན་གྱི་ཕོ་བྲང་བར་རྒྱང་ཚད་མེ་ལེ་༧ཙམ་གྱི་བར་ཞི་བའི་གོམ་བགྲོད་གནང་ཡོད་པ་རེད།
ལས་འགུལ་སྐབས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་གཙོས་རྒྱ་རིགས་དམངས་གཙོ་དོན་གཉེར་ཅན་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་དང་། ཡུ་གུར་མི་རིགས་ཁག་གཅིག་ཀྱང་ཆེད་དུ་མཉམ་ཞུགས་གནང་བ་དང་གཏམ་བཤད་གནང་ཡོད་པ་རེད། དེ་བཞིན་སྐབས་དེར་ཨ་རིའི་ཤར་ལོ་སུ་ཝེ་ལུ་དང་། ཧྥེ་ལ་སྒྲ་ཧྥེ་ཡ་ནས་ཡང་ཆེད་དུ་བོད་མི་ཚོ་མཉམ་ཞུགས་གནང་འདུག
གསར་འགོད་པ་ཀླུ་འབུམ།