རང་ལུས་མེ་སྲེག་༡༡༡།


2013.03.25
བོད་ནང་རང་ལུས་མེ་སྲེག་༡༡༡། བོད་མི་ལོ་ན་༤༣་ཡིན་པ་ནགས་སྲུང་བ་ལྷ་མོ་སྐྱབས་ཞུ་བས་རང་སྲེག་བཏང་སྟེ་སྐུ་གྲོངས་ཡུལ་གྱི་འདྲ་པར།
བོད་ནས་བཏང་བ།

༄༅།།དེ་རིང་ཚེས་༢༥་ཉིན་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་སྐྱིད་ཚང་དམེ་ཤུལ་ཞང་གི་མདུན་དུ་ནགས་ཚལ་ཆེན་པོ་ཞིག་ཡོད་པ་དེའི་ནགས་འདབས་སུ། བོད་མི་ལོ་ན་༤༣་ཡིན་པ་ནགས་སྲུང་བ་ལྷ་མོ་སྐྱབས་ཀྱིས། རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་འདུག ས་གནས་ནས་བོད་མི་ཞིག་གིས་གནས་ཚུལ་འགྲེལ་བརྗོད་བྱས་པ་ལྟར་ན། ལྷ་མོ་སྐྱབས་ལགས་ཀྱིས་ཚེས་༢༥་ཞོགས་པ། ནམ་མ་ལངས་གོང་ཤིང་ཆ་སྤུངས་རྗེས་དེའི་ཁྲོད་དུ་ས་སྣུམ་བླུགས་པ་དང་རང་ཉིད་དེའི་ཁྲོད་དུ་གསོན་བསྲེགས་བྱས་པ་དེ་ ཞོགས་པ་སྡེ་མི་ཚོས་ཤེས་དུས། ཤིང་ཆ་དང་ལྷ་མོ་སྐྱབས་ཀྱི་ཕུང་པོ་མེ་རོར་གྱུར་བ་མཐོང་བ་དང་ལྷ་མོ་སྐྱབས་ཀྱི་མགོ་བོ་གཅིག་པུ་ལས་ལྷག་མི་འདུག་ཟེར། དེའི་རྗེས་ས་གནས་སྲིད་གཞུང་གི་རླངས་འཁོར་མང་པོས་ལྷ་མོ་སྐྱབས་མེར་བསྲེགས་བྱེད་སའི་ས་གནས་དེ་བསྐོར་བ་དང་། ཉེན་རྟོག་པ་དང་དམག་མི་མང་པོ་ས་གནས་དེར་འཛོམས་ཏེ་མེར་བསྲེགས་བྱེད་ཡུལ་ས་གནས་སྲུང་སྟེ་སྡེ་མི་ཚོ་ས་གནས་དེར་ཡོང་དུ་མ་བཅུག་པ་དང་། ད་ལྟ་རང་གནས་ཚུལ་འབྱོར་བ་ལྟར་ན་ས་གནས་དེའི་བོད་མི་ཚོ་ཡར་མར་འགྲོ་བསྐྱོད་བྱེད་པར་བཀག་འགོག་གིས་དམ་བསྒྲཌ་སྔར་ལས་ཆེན་པོ་བྱེད་བཞིན་ཡོད་འདུག
ལྷ་མོ་སྐྱབས་ནི་ལོ་ན་༤༣་ཡིན་པ་དང་ཁོང་ནི་མི་ཁེར་རྐྱང་ཞིག་ཡིན་པ་རེད། ཁོང་ལ་ནང་མི་དང་བུ་ཕྲུག་སོགས་གང་ཡང་མེད་པ་རེད། ལྷ་མོ་སྐྱབས་ནི་ཀླུ་ཤོད་ཡུལ་ཚོའི་ནན་པན་སྡེ་བའི་སྡེ་མདུན་དུ་ནགས་ཚལ་ཆེན་པོ་ཞིག་ཡོད་པ་དེའི་ནང་དུ་འཚོ་སྡོད་བྱེད་བཞིན་ཡོད་པ་དང་། ཁོང་ནི་ནགས་ཚལ་དེ་ནགས་སྲུང་ཡིན་པ་རེད། ཁོང་སྐྱེས་ཡུལ་ནི་མདོ་སྨད་བླ་བྲང་ཀླུ་ཤོད་ཡུལ་ཚོའི་མཁར་དམར་ཤུལ་སྡེ་བ་ནས་ཡིན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎