བོད་ཀྱི་བེུད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༡༣པ།
2019.08.10
༄༅།།བོད་ཀྱི་བེུད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༡༣པ་དེ་བཞིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་དོད་རྒུ་གླིང་གཞིས་ཆགས་ནང་འདི་ཟླའི་ཚེས་༥་ཉིན་དབུ་འཛུགས་གནང་ཡོད་པ་དང་ད་རིང་ལྷན་ཚོགས་དེའི་ཉིན་མཐའ་མར་ཚོགས་བཅར་བ་རྣམས་ཀྱིས་དགོན་སྡེ་ཁག་ལ་གནས་མཇལ་དུ་ཕེབས་འདུག ད་རེས་ཀྱི་བོད་ཀྱི་བེུད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་དེའི་ནང་ས་གནས་ཁག་མི་འདྲ་བ་༢༥ནས་སྐུ་ཚབ་འཐུས་མི་༧༥ལྷག་ཆེད་བཅར་ཞུས་འདུག་ལ་ཁོང་རྣམས་ཀྱིས་གྲོས་གཞི་གལ་ཆེ་བཅུའི་ཐོག་བཀའ་བསྡུར་གནང་བ་དང་གྲོས་གཞི་དོན་ཚན་གསུམ་པ་རྒྱལ་བའི་སྐུ་ཕྱའི་སྐོར་ཡིན་སྟབས་དེ་གལ་ཆེ་དོན་ཆེར་རྩིས་ནས་དུས་ཚོད་མང་ཤོས་དེའི་ཐོག་བཏང་གནང་སྟེ་ཚོགས་བཅར་བ་རྣམས་ཀྱིས་བོད་པའི་བེུད་རྣམས་ཀྱིས་སྐུའི་ཉེན་སྲུང་ཞུ་ཕྱོགས་ཐད་འབྲེལ་ཡོད་ལ་སྙན་ཞུ་འབུལ་ལམ་ཞུ་རྒྱུའི་གྲོས་ཆོད་གཏན་འབེབས་གནང་འདུག བོད་པའི་མི་འབོར་འཕེལ་རྒྱས་གཏོང་ཐབས་སྐོར་གྲོས་གཞི་ཡོད་སྟབས་དེའི་ཐོག་གྲོས་ཆོད་གང་གཏན་འབེབས་བྱུང་སྐོར་སྐལ་བཟང་གཡུ་སྒྲོན་ལགས་ལ་གནས་འདྲི་ཞུས་པས་ཁོང་གིས་བོད་ཀྱི་བེུད་ལྷན་ཚོགས་དབུས་ས་གནས་གཉིས་ནས་ཕྲུ་གུ་མང་ཤོས་སྐྱེས་མཁན་ཕ་མ་གཉིས་ལ་དགོས་མཁོ་ཡོད་ཚེ་དཔལ་འབྱོར་རོགས་རམ་གནང་བཞིན་པ་དེ་མུ་མཐུད་ནས་གནང་རྒྱུ་དང་ཡང་ཕྲུ་བུ་གསར་པ་སྐྱེས་མཁན་རྣམས་ལ་འཚམས་གཟིགས་གནང་སྟེ་ཕྱག་རྟགས་ཕུལ་རྒྱུ་སོགས་ཀྱི་གྲོས་ཆོད་གཏན་འབེབས་བྱུང་འདུག བོད་ཀྱི་བེུད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༡༣་པ་དེ་བཞིན་ད་རིང་ཕྱི་ཚེས་༡༠་བར་གནང་ཡོད་པ་དང་སང་ཉིན་ཕྱི་ཚེས་༡༡་དང་སྣང་ཉིན་ཕྱི་ཚེས་༡༢་ཉིན་མང་ཚོགས་ལ་ཟབ་སྦྱོང་གནང་འཆར་འདུག།