རྒྱ་ནག་གིས་བླ་བྲང་དགོན་པའི་དགེ་འདུན་པ་འཛིན་བཟུང༌།

བོད་ཨ་མདོ་བླ་བྲང་བཀྲིས་དཀྱིལ་དགོན་པའི་དགེ་འདུན་༡༤ཙམ་ཞིག་ས་གནས་རྒྱ་ནག་གཞུང་གི་བདེ་སྲུང་དམག་མིས་འཛིན་བཟུང་བྱས་འདུག

2011.05.14

༄༅༎ཉེ་བའི་ཆར་བོད་ཨ་མདོ་བླ་བྲང་བཀྲིས་དཀྱིལ་དགོན་པའི་དགེ་འདུན་བཀྲིས་རྒྱ་མཚོ་དང་འཇིགས་མེད་སོགས་དགེ་འདུན་པ་༡༤ཙམ་ཞིག་ས་གནས་རྒྱ་ནག་གཞུང་གི་བདེ་སྲུང་དམག་མིས་འཛིན་བཟུང་བཀག་ཉར་བྱས་ཡོད་པའི་གནས་ཚུལ་ཞིག་ས་གནས་ནས་འདི་གའི་གསར་འགོད་པ་ཀླུ་འབུམ་བཀྲིས་ལ་གནས་ཚུལ་ངོ་སྤྲོད་གནང་འདུག

ཁོང་གིས་འགྲེལ་བརྗོད་གནང་བར་ཉེ་སྤྱི་ཟླ་༥་ཚེས་༤་ཉིན་བཙན་བྱོལ་བོད་གཞུང་གིས་བཀའ་བློན་ཁྲི་པ་བློ་བཟང་སེངྒེ་ལགས་སུ་མང་མོས་མགྲིན་དབྱངས་ཆིག་འགྱུར་གྱི་འོས་འདེམས་བྱུང་བའི་གནས་ཚུལ་གསལ་བསྒྲགས་གནང་སྐབས་བོད་ནང་བོད་མི་ཚོས་དོ་སྣང་ཆེན་པོ་བྱས་ཡོད་པ་དང་ལྷག་དོན་དུ་བོད་ཨ་མདོ་

བླ་བྲང་བཀྲིས་དཀྱིལ་དང་དེ་བཞིན་ཀན་ལྷོ་སོགས་ཀྱི་ནང་བོད་མི་ཚོས་ཤོག་འབག་སྤར་བའམ་སོགས་ཀྱི་བོད་གཞུང་གི་བཀའ་བློན་ཁྲི་པ་བློ་བཟང་སེངྒེ་ལགས་སུ་དགའ་བསུ་ཞུ་བའི་རྣམ་པ་མཚོན་པ་བྱས་ཡོད་པ་རེད།

དེ་རྗེས་རྒྱ་ནག་གཞུང་གིས་དེ་ཉིན་བཙན་བྱོལ་བོད་གཞུང་གིས་བཀའ་བློན་ཁྲི་པ་འོས་འདེམས་བྱས་པར་དགའ་བསུ་ཞུ་མཁན་ཚོ་རྩད་གཅོད་བཏང་ནས་དགེ་འདུན་པ་བཀྲིས་རྒྱ་མཚོ་དང་འཇིགས་མེད་སོགས་དགེ་འདུན་པ་བཅོ་བཞི་ཙམ་འཛིན་བཟུང་བྱས་ནས་ཉེས་བརྡུང་དང་འདྲི་རྩད་བྱས་རྗེས་དགེ་འདུན་པ་འགའ་ཤས་གློད་བཀྲོལ་བཏང་ཡོད་ཀྱང་ད་དུང་དགེ་འདུན་པ་གྲངས་བདུན་ཙམ་ཞིག་རྒྱ་མིའི་དོ་དམ་འོག་དཀའ་སྡུག་མྱོང་བཞིན་ཡོད་པའི་གནས་ཚུལ་འགྲེལ་བརྗོད་གནང་གི་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸རྒྱལ་བའི་ཡང་སྲིད་དང་། རྒྱ་ནག་དམར་ཤོག་གཞུང་གི་ངན་བྱུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎