མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་མང་དུ་གཏོང་རྒྱུ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང་ནང་དུ་ཚོགས་མི་རྒྱལ་ཁབ་མང་དུ་གཏོང་རྒྱུར་མོས་མཐུན་བྱུང་ཡོད་པ་རེད།

2008.09.16

༄༅༎རེས་གཟའ་ཟླ་བའི་ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་ཡོངས་ལྷན་ཚོགས་ཐོག་འཛམ་གླིང་གི་རྒྱལ་ཁབ་༡༥ སྐུ་ཚབ་ཡོད་པའི་ཆེས་ནུས་སྟོབས་ཆེ་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང་ནང་དུ་ཚོགས་མི་རྒྱལ་ཁབ་མང་དུ་གཏོང་རྒྱུར་མོས་མཐུན་བྱུང་ཡོད་པ་རེད།

དེ་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང་ནང་ཚོགས་མི་རྒྱལ་ཁབ་མང་དུ་གཏོང་རྒྱུའི་ལས་དོན་དེ་བཞིན་དེ་སྔ་ཕྱི་ལོ་༡༩༩༣ལོར་འགོ་བཙུགས་ཏེ་ལས་དོན་ཚོགས་ཆུང་གིས་ལས་དོན་འཆར་གཞིའི་ཟིན་བྲིས་རྒྱལ་ཚོགས་ལ་ཕུལ་བ་བཞིན་ད་རེས་སླར་ཡང་རྒྱལ་ཚོགས་ཀྱི་རྒྱལ་ཡོངས་ལྷན་ཚོགས་དེའི་ཐོག་སྲུང་སྐྱོབ་ལྷན་ཁང་གི་ཚོགས་མི་རྒྱལ་ཁབ་༡༥ ཐོག་འཕར་སྣོན་བྱེད་དགོས་པའི་གནད་དོན་ཐོག་གླེང་སློང་བྱུང་བ་བཞིན་རྒྱལ་ཚོགས་ཀྱི་རྒྱལ་ཡོངས་ལྷན་ཚོགས་དེའི་ཐོག་ཚོགས་ཞུགས་གནང་བའི་འཛམ་གླིང་རྒྱལ་ཁབ་ཁག་གི་སྐུ་ཚབ་ཚོས་གནད་དོན་དེའི་ཐོག་ཚོུད་འགའ་ཤས་རིང་གོ་བསྡུར་གནང་བའི་རྗེས་མ་འོངས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་༡༩༢ཀྱིས་སྲིད་གཞུང་ཕན་ཚུན་བར་གྲོས་མོལ་གནང་སྟེ་ཕྱི་ལོ་༢༠༠༩ལོའི་ཕྱི་ཟླ་གཉིས་པའི་ཚེས་༢༨ནང་ཚུད་ལ་འཕར་སྣོན་བྱ་རྒྱུའི་གྲོས་འཆམ་བྱུང་ཡོད་པ་མ་ཟད། སྐུ་ཚབ་ཚོའི་ངོས་ནས་ད་རེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང་གི་ཚོགས་མི་མང་དུ་གཏོང་རྒྱུའི་ཐག་གཅོད་བྱུང་བ་དེ་ནི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ་ཞིག་དང་ལྷག་པར་དུ་དུས་རབས་༢༡ པ་དེའི་ནང་ལ་སྲུང་སྐྱོབ་ལྷན་ཁང་དེ་གཞི་རྒྱ་ཆེ་རུ་དང་འཛམ་གླིང་རྒྱལ་ཁབ་ཁག་གི་སྐུ་ཚབ་མང་དུ་འགྲོ་རྒྱུ་ཡིན་པ་སོགས་ལས་དོན་གྱི་མདུན་བསྐྱོད་ཆེན་པོ་ཞིག་ཡིན་པ་ངོས་འཛིན་གནང་ཡོད་པ་རེད། ཡིན་ནའང་རྒྱལ་ཡོངས་ལྷན་ཚོགས་སུ་ཕེབས་པའི་སྐུ་ཚབ་ཁག་ཅིག་གིས། སྲུང་སྐྱོབ་ལྷན་ཁང་གི་ཚོགས་མི་མང་དུ་གཏོང་རྒྱུར་རྒྱལ་ཚོགས་ཀྱི་སྐུ་ཚབ་རྒྱལ་ཁབ་༡༩༢ཀྱི་གཞུང་ཕན་ཚུན་གྲོས་མོལ་བྱའི་སྤྱི་མོས་བྱུང་ཡོད་ཀྱང་རྒྱལ་ཁབ་སོ་སོའི་གྲོས་ཚོགས་ཀྱི་ཐོག་ནས་བཀའ་ཁྲོལ་ཐོབ་དགོས་པར་བརྟེན་གནས་སྟངས་དེའི་ཐོག་ནས་ལག་ལེན་དུ་འཁྱོལ་རྒྱུར་དུས་ཡུན་རིང་པོ་འགོར་སྲིད་པའི་དགོངས་ཚུལ་མི་འདྲ་བ་གསུང་གི་ཡོད་པ་རེད། གང་ལྟར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང་གི་ཚོགས་མི་༡༥ཡོད་པ་དེའི་ནང་འཛུལ་ཞུགས་གནང་མཁན་གཙོ་བོ་གཅིག་ཉི་ཧོང་དང་འཇར་མ་ནི། རྒྱ་གར། སྦེ་ར་ཛིལ། ཨབ་རི་ཁའི་རྒྱལ་ཁབ་བཅས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎