གཞོན་ནུའི་ཚོགས་ཆེན་དབུ་འཛུགས།
2013.05.27

༄༅༎དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོཊ་ཆེན་ཐེངས་བཅོ་ལྔ་པ་དེ་ངྷ་རམ་ས་ལར་ཚོགས་འགོ་བཙུགས་ཡོད་པ་དང་། ཉིན་དྲུག་གི་རིང་གཞོན་ནུའི་ལངས་ཕྱོགས་དང་བོད་དོན་ལས་འགུལ་སྤེལ་ཕྱོགས་སོགས་གྲོས་གཞི་ཁག་༨ ཀྱི་སྟེང་བགྲོ་གླེང་གྲོས་ཆོད་དང་། སྐབས་བཅོ་ལྔ་པའི་དབུས་རྒྱུན་ལས་གསར་འདེམས་བཅས་གནང་རྒྱུ་ཡིན་འདུག
ཕྱི་ཚེས་ ༢༧ ཉིན་གྱི་ཚོགས་ཆེན་དབུ་འབྱེད་མཛད་སྒོའི་ཐོག་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་ངྷ་ས་ས་གནས་འགོ་འཛིན། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། གཞོན་ནུའི་དབུས་རྒྱུན་ཟུར་པ་ཁག་ཅིག ས་གནས་ཁག་༤༠ གི་འཐུས་ཚབ་དང་། དབུས་རྒྱུན་བཅས་ཚོགས་བཅར་བ་༡༣༠ ཙམ་ཡོད་འདུག
མཛད་སྒོའི་ཐོག གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས། ༡༩༤༩ ལོ་ནས་ད་བར་རྒྱ་ནག་གཞུང་གིས་བོད་ནང་མི་སྤྱོད་ལས་འདས་པའི་སྲིད་བྱུས་ལག་བསྟར་བྱེད་ལུགས་དང་། བོད་མི་ཚོས་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བོད་བསྟན་སྲིད་ཆེད་ཕུལ་ཏེ་རང་ལུས་མེར་སྲེག་བཏང་བ་དང་། བོད་མི་རྒྱའི་བཙོན་འོག་ཏུ་མནར་གཅོད་མྱངས་དང་མྱོང་བཞིན་ཡོད་པའི་རྒྱལ་གཞེན་བློས་གཏོང་གི་མཛད་རྗེས་ཆུད་བཟོས་མི་འགྲོ་བར་གཞོན་ནུ་ལྷན་ཚོགས་ཀྱིས་དམ་བཅའ་བརྟན་པོ་ཞུ་རྒྱུ་དང༌། བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྙིང་སྟོབས་དང་ལྷག་བསམ་ནི། བོད་མིའི་འཐབ་རྩོད་ཀྱི་རྨང་གཞི་གཙོ་བོ་ཡིན་སྟབས། བཙན་བྱོལ་བོད་མི་ཚོས་རྡོག་རྩ་ཆིག་སྒྲིལ་ཐོག་སྤྱི་དོན་ཐོག་འཐབ་རྩོད་ཀྱི་ནུས་པ་འདོན་རྒྱུ་གལ་ཆེན་ཡིན་པའི་སྐོར་བརྗོད་འདུག
ད་དུང་ཚོགས་གཙོ་ཚེ་དབང་རིན་འཛིན་ནས། ༸གོང་ས་མཆོག་ནི་བོད་མི་ཆིག་སྒྲིལ་གྱི་ནུས་པ་དང་སེམས་ཤུཊ་ཀྱི་སྲོག་རྩ། མང་གཙོའི་འཕེལ་རིམ་གསར་གཏོད་མཛད་མཁན་ཡིན་པའི་ཐོག ང་ཚོ་བོད་མི་ཙམ་མ་ཟད། འཛམ་གླིང་སྐྱེ་འགྲོ་ཀུན་ལ་སེམས་ནང་རྙེད་དཀའ་བའི་དད་རྟེན་གྱི་བདག་ཉིད་ཅིག་ཡིན་ལུགས་བརྗོད་འདུག།