རྒྱལ་བ་ཀརྨ་པ་མཆོག་གིས་ལྦ་ན་མཐོ་སློབ་ཁང་དུ་བཀའ་སློབ་སྩལ།

རྒྱལ་བ་ཀརྨ་པ་མཆོག་གིས་གནས་མཆོག་ལྦ་ར་ན་སིར་བོད་ཀྱི་མཐོ་སློབ་ཁང་དུ་སློབ་ཕྲུག་དང་དད་ལྡན་ཆོས་ཞུས་བ་རྣམས་ལ་བཀའ་སློབ་སྩལ་བ།

2009.01.24

༄༅༎རྒྱ་གར་གྱི་ཉིན་རེའི་གསར་ཤོག་ཀྲའེམ་སི་ཨོཕ་ཨིན་ཌི་ཡ་ཞེས་པས་གྲོང་ཁྱེར་ལྦ་ར་ན་སི་ནས་སྤེལ་བའི་གནས་ཚུལ་ལྟར་ན་གནས་མཆོག་ལྦ་ར་ན་སིར་རྟེན་གཞི་བྱས་པའི་ལྦ་ན་བོད་ཀྱི་མཐོ་སློབ་ཁང་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་ཁས་ཉིན་གནས་མཆོག་ལྦ་ར་ན་སིར་བོད་ཀྱི་མཐོ་སློབ་ཁང་དུ་སློབ་ཕྲུག་དང་དད་ལྡན་ཆོས་ཞུས་བ་རྣམས་ལ་ལྦ་ར་ན་སིའི་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གྲྭ་དེ་ནི་གལ་གནད་ཤིན་ཏུ་ཆེ་བའི་སློབ་གཉེར་ཁང་ཞིག་ཡིན་པ་དང་ཆེས་མཐོའི་གཙུག་ལག་སློབ་གྲྭ་དེ་ཡིས་དེང་དུས་ཀྱི་འཛམ་གླིང་འདིའི་ནང་བོད་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་མཚོན་པའི་ཆོས་དང་རིག་གཞུང༌།སྲོལ་རྒྱུན་སོགས་མི་ཉམས་གཅེས་འཛིན་གནང་རྒྱུར་འགན་འཁུར་དང་ཆ་ཤས་ཆེན་པོ་ལེན་མཁན་གྱི་ལྟེ་གནས་ཤིག་ཡིན་པར་ངོས་འཛིན་གནང་ཡོད་པ་རེད། དེ་དང་དུས་མཚུངས་གཙུག་ལག་སློབ་གྲྭ་དེའི་ནང་ཞུགས་རིང་སློབ་ཕྲུག་ཚོས་དུས་རབས་ཉི་ཤུ་རྩ་གཅིག་ནང་གི་འགན་འཁུར་ལྡན་པའི་བོད་མི་ཞིག་ཆགས་ཐུབ་པ་གནང་ཕྱིར་བོད་ཀྱི་སྲོལ་རྒྱུན་དང་དེང་དུས་ཀྱི་ཤེས་ཡོན་གཉིས་ཀ་ཟུང་དུ་སྦྲེལ་ཏེ་ལེན་ཐབས་གནང་རྒྱུ་གལ་ཆེན་པོ་རེད་ཅེས་ནན་བརྗོད་གནང་ཡོད་པ་རེད། སྐབས་དེར་བོད་ཀྱི་བདེན་མཐའ་སེལ་ཐབས་སླད་དུ་ཚང་མས་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་དགོས་གལ་ཆེ་བ་དང་བཙན་བྱོལ་ནང་ལ་གནས་བཞིན་པའི་བོད་མི་རྣམས་ཀྱི་རྨི་ལམ་གྲུབ་ཐབས་བྱ་རྒྱུའི་ལས་འགན་དེ་དག་ད་ལྟའི་ན་གཞོན་རྣམས་ཀྱི་དཔུང་པའི་སྒང་ལ་བབ་ཀྱི་ཡོག་རེད་ཅེས་བཀའ་བསྩལ་གནང་མཛད་ཡོད་པ་རེད། བཀའ་སློབ་གསུང་བཤད་གྲུབ་པའི་རྗེས་སུ་གཙུག་ལག་སློབ་གྲྭའི་ངེས་སྟོན་པ་དགེ་བཤེས་ངག་དབང་བསམ་བརྟན་ལགས་ཀྱིས་གཙུག་ལག་སློབ་གྲྭའི་དགེ་ལས་དབུ་འཛིན་ཡོངས་ཀྱི་སྐུ་ཚབ་ཞུས་ཏེ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་གཙུག་ལག་སློབ་གྲྭར་ཆིབས་བསྒྱུར་བསྐྱངས་པས་མ་ཟད་དེར་འདུས་པའི་དགེ་ལས་སློབ་ཕྲུག་ཡོངས་ལ་བཀའ་སློབ་ཟབ་མོ་བསྩལ་བར་སྙིང་ཁོངས་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་གི་ཡོད་ཅེས་གསུངས་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎