ལོ་རྒྱུས་དྲན་གསོ་དང་སྨོན་ལམ།
2013.03.08

༄༅། །ཕྱི་ལོ་༡༩༨༩ ལོར་རྒྱ་ནག་དམར་པོའི་གཞུང་གིས་བོད་ཀྱི་བདག་པོ་བོད་མིའི་ཐོག་མི་ཆོས་ལས་འདས་པའི་དྲག་གནོན་གྱི་ཁྲིམས་གཞི་བསྡམས་པ་ནས་བཟུང་ད་བར་བོད་མི་གྲངས་ལས་འདས་པར་དུས་མིན་འཆི་བ་དང་ཉེས་མེད་བཙོན་འཇུག་བྱས་པ་རྣམས་ཀྱི་ཆེད་དུ། དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག དེ་རིང་ཕྱི་ཚེས་ ༨ ཉིན་བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་འབུལ་སྨོན་ལམ་ཞིག་ཚོགས་གནང་འདུག
སྔ་དྲོ་ཕྱག་ཚོད་ ༩།༣༠ ཐོག་རྒྱུད་སྟོད་མཁན་པོ་ལོ་མགོན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་དགེ་བཙུན་སྔགས་གསུམ་དང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་དང་ལས་བྱེད་རྣམ་པ། མི་མང་དང་སློབ་ཕྲུག་བཅས་ཁྱོན་མི་གྲངས་བརྒྱ་ཕྲག་མང་པོས་ལྷན་བཞུགས་གནང་འདུག།