མཐོ་སྒང་བོད་ལ་འགྲོ་བ་མིའི་སྤྱི་ཚོཊ་གཞིས་ཆཊ་ནས་ལོ་༣༦༠༠སོང་བ།


2014.11.21
མཐོ་སྒང་བོད་ཀྱི་འབྲོག་ས།༢༠༡༣ མཐོ་སྒང་བོད་ཀྱི་འབྲོག་ས།༢༠༡༣
Jan r

མཐོ་སྒང་བོད་ཀྱི་ས་ཐོག་ཏུ་འགྲོ་བ་མིའི་སྤྱི་ཚོགས་ཐོག་མར་གཞིས་ཆགས་ཐུབ་པ་དེ་ལོ་ངོ་༣༦༠༠ཙམ་ནས་བྱུང་ཡོད་ལུཊ་ཉམས་ཞིབ་པའི་གསུངས་གནང་འདུག
དེ་ཡང་དབྱིན་ཇི་དང་། ཨ་རི། རྒྱ་ནག་བཅས་ལས་གྲུབ་པའི་གནའ་དངོས་ཤུལ་རྫས་དཔྱད་ཞིབ་རིག་པ་ཁག་གཅིག་ནས་རྒྱ་མཚོ་ནས་མཐོ་ཚད་ཆེ་བ་དང་། གནམ་གཤིས་ཤིན་ཏུ་གྲངས་ངར་ཅན་གྱི་ཁོར་ཡུག་ནང་འགྲོ་བ་མིའི་སྤྱི་ཚོགས་ཇི་ལྟར་ཆགས་ཐུབ་པའི་སྐོར་ཉམས་ཞིབ་སླད་མཐོ་སྒང་བོད་ཀྱི་ས་ཐོག་ཏུ་འགྲོ་བ་མིའི་སྤྱི་ཚོགས་ཀྱི་ཆགས་རབས་ཆགས་ལུགས་སྐོར་ཉམས་ཞིབ་བྱས་པའི་སྙན་ཐོ་ཞིག་US Journal Scienceཞེས་ཨ་རིའི་ཚན་རིག་དུས་དེབ་ནང་འདོན་སྤེལ་བྱས་ཡོད་པ་རེད། ཉམས་ཞིབ་ཀྱི་སྙན་ཐོ་དེའི་ནང་། མཐོ་སྒང་བོད་ཀྱི་ས་ཐོག་ཏུ་ལོ་ངོ་༢༠༠༠༠གོང་ནས་འགྲོ་བ་མི་གནས་ཡོད་པའི་རྟགས་ཚན་རེ་བཟུང་བྱུང་ཡོད་པ་དང་། དེ་ནས་ལོ་ངོ་༥༢༠༠ཙམ་གྱི་གོང་ས་མ་འབྲོག་ལྟ་བུའི་སྤྱི་ཚོགས་འཚོ་གནས་བྱ་རྒྱུ་འགོ་འཛུགས་བྱུང་ཡོད་ཀྱང་ས་མཐོའི་བོད་སྟེང་སྤྱི་ཚོགས་གཏན་དུ་གཞི་ཆགས་པའི་ལོ་རྒྱུས་དེ་ལོ་ངོ་༣༦༠༠ཙམ་ནས་འགོ་འཛུགས་བྱུང་ལུགས་གསལ་འདོན་གནང་འདུག གོང་གསལ་གནའ་ཤུལ་དངོས་རྗས་དཔྱད་ཞིབ་རིག་པ་རྣམས་ཀྱིས་ཞིབ་འཇུག་ནང་གསལ་ལྟར་ན། གྲང་ངར་ཤིན་ཏུ་ཆེ་བའི་མཐོ་སྒང་བོད་ཀྱི་ས་ཐོག་ཏུ་འགྲོ་བ་མིའི་གཏན་དུ་གཞིས་ཆགས་དང་འཚོ་གནས་བྱུང་ཐུབ་པ་དེ་དེར་གཞིས་སྤོས་བྱས་པའི་སྤྱི་ཚོགས་ནས་མཐོ་སྒང་བོད་ཀྱི་ཆགས་བབས་དང་ཁོར་ཡུག་གི་གནས་སྟངས་ལ་བསྟུན་ཐུབ་པའི་སྐྱེ་དངོས་གྲོ་དང་། འབྲུ་སོགས་འདེབས་ལས་བྱས་པ་དང་། དེ་བཞིིན་ས་མཐོའི་ཁོར་ཡུག་ནང་གནས་ཐུབ་པའི་སྒོ་ཕྱུག་གསོ་སྐྱོང་བྱས་པ་སོགས་ཀྱི་ཐོག་ནས་སྤྱི་ཚོགས་འཚོ་གནས་ཐུབ་ཡོད་པ་འགྲེལ་བརྗོད་བྱས་འདུག གོང་གསལ་གནའ་ཤུལ་དངོས་རྗས་དཔྱད་ཞིབ་པ་རྣམས་ནས་བོད་བྱང་ཕྱོགས་ཁུལ་དུ་རྒྱང་ཚད་མེ་ལེ་༨༠༠ལྷག་གི་ས་ཁྱོན་ནང་ས་གནས་ཁག་༥༣ནང་གནའ་སྔ་མོའི་སྐྱེ་དངོས་རྩི་ཤིང་གི་ཤུལ་ལྷག་དང་། ར་ལུག་སེམས་ཅན་གི་སོ་དང་རུས་པ་བཅས་ལ་ཞིབ་འཇུག་རྟགས་དཔྱད་བྱས་པ་བརྒྱུད་ ས་མཐོའི་ཆགས་བབས་ནང་འགྲོ་བ་མིའི་སྤྱི་ཚོགས་ཇི་ལྟར་འཚོ་གནས་ཐུབ་པའི་གནས་ལུགས་མཁྱེན་རྟོགས་བྱུང་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎