འོད་ཟེར་ལ་གཟེངས་རྟགས།


2013.03.09
ཚེ་རིང་འོད་ཟེར་ལ་གཟེངས་རྟགས། རྒྱལ་སྤྱིའི་བུད་མེད་ཀྱི་ཉིན་མོ་དང་སྟབས་བསྟུན་ཏེ་གཟེངས་རྟགས་གསོལ་བསྩལ་གྱི་མཛད་སྒོ།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང༌།

༄༅༎ཨ་རིའི་ཕྱི་སྲིད་དྲུང་ཆེ་ ཇོན་ཀེ་རི་ དང་།    སྲིད་འཛིན་གྱི་ལྕམ་ མི་ཤལ་ ཨོ་སྦ་མ་ རྣམ་གཉིས་ཀྱིས་བོད་རིགས་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་སུ། ཕྱི་ལོ་༢༠༡༣་ལོའི་རྒྱལ་སྤྱིའི་བུད་མེད་སྙིང་སྟོབས་ཅན་གྱི་བུད་མེད་ཀྱི་གཟེངས་རྟགས་གནང་འདུག རྒྱལ་སྤྱིའི་སྙིང་སྟོབས་ཅན་གྱི་བུད་མེད་གཟེངས་རྟགས་འབུལ་བཞེས་མཛད་སྒོ་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་རེས་གཟའ་པ་སངས་ཉིན་གནང་ཡོད་ཅིང་། ཨ་རིའི་གཟེངས་རྟགས་དེ་འོད་ཟེར་ལགས་སུ་འབུལ་གཏན་འཁེལ་བའི་གསལ་བསྒྲགས་ཐོན་མ་ཐག རྒྱ་ནག་གཞུང་གིས་ཁོང་གི་བཞུགས་ཁང་མདུན་ཉེན་རྟོག་པ་འགྲེམས་འཇོག་བྱས་ཏེ། ད་ལྟའི་ཆར་ཁོང་རང་ཁྱིམ་དུ་བཟང་བཙོན་ལྟ་བུའི་ངང་གནས་འདུག ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་རྒྱལ་སྤྱིའི་གཟེངས་རྟགས་འབུལ་བཞེས་མཛད་སྒོ་གནང་སྐབས།
ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་དབྱིན་སྐད་ཐོག་གསུང་དོན་ནི།    བོད་མིའི་གནས་སྟངས་དངོས་ཡོད་ཚེ་རིང་འོས་ཟེར་ལགས་ཀྱིས་རྩོམ་བྲིས་བརྒྱུད་ནས་འོད་སྣང་ཁྱབ་པར་བྱས་ཏེ་བོད་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་ཐབས་སུ་འཇིགས་ཞུམ་མེད་པར་འབད་བརྩོན་ལྷོད་མེད་གནང་བཞིན་པ་ནི།    བོད་མིའི་དཀའ་སྡུག་གོ་ཐོས་མེད་པར་ལུས་ཉེན་ཆེ་བའི་རིགས་ལ་སྨྲ་བརྗོད་ནུས་པ་འབྱིན་པར་མཚོན་ཐུབ་ཅེས་གསུངས་གནང་འདུག    ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་འདི་ལོའི་བུད་མེད་སྙིང་སྟོབས་ཅན་གྱི་གཟེངས་རྟགས་འཛམ་གླིང་ས་ཕྱོགས་གང་ས་ནས་ཡིན་པའི་བུད་མེད་བཅུ་ལ་རེས་གཟའ་པ་སངས་ཕྱི་ཚེས་ ༨ ཉིན་རྒྱལ་སྤྱིའི་བུད་མེད་ཀྱི་ཉིན་མོ་དང་སྟབས་བསྟུན་ཏེ་གསོལ་བསྩལ་གནང་ཡོད་པ་རེད།།    

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎