༧གོང་ས་མཆོག་ལ་ཨ་རིའི་རང་དབང་གི་གཟེངས་རྟགས་འབུལ་བ།


2015.10.27
ཨ་རིའི་རང་དབང་གི་གཟེངས་རྟགས་༧གོང་ས་མཆོག་ལ་འབུལ་བ་སྐུ་ཚབ་རྣམ་པ་གསུམ་གྱིས་བཞེས་སྐབས། ༢༠༡༥།༡༠།༢༦ ཨ་རིའི་རང་དབང་གི་གཟེངས་རྟགས་(Liberty Medal)༧གོང་ས་མཆོག་ལ་འབུལ་བ་སྐུ་ཚབ་རྣམ་པ་གསུམ་གྱིས་བཞེས་སྐབས། ༢༠༡༥།༡༠།༢༦
NCC

ཨ་རིའི་རང་དབང་གི་གཟེངས་རྟགས་༧གོང་ས་མཆོག་ལ་འབུལ་བ་སྐུ་ཚབ་རྣམ་པ་གསུམ་གྱིས་བཞེས་གནང་ཡོད་པ་རེད།

དེ་ཡང་སྤྱི་ཚེས་༢༧ཉིན་ཨ་རིའི་སྙན་གྲགས་ཆེ་བའི་རང་དབང་གཟེངས་རྟགས་(Liberty Medal)ཞེས་པ་༧གོང་ས་མཆོག་ལ་འབུལ་བ་༧གོང་ས་མཆོག་གིས་དངོས་སུ་བཞེས་ཐུབ་མེད་སྟབས། བོད་དོན་རྒྱབ་སྐྱོར་བ་དང་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་(Richard Gere)་དང་། སྐུའི་གསུང་བསྒྱུར་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས། དེ་བཞིན་སེམས་དང་སྲོག་གི་ལྟེ་གནས་ཁང་གི་འགན་འཛིན་སྐུ་ཞབས་(Riche Davidson)གསུམ་གྱིས་༧གོང་ས་མཆོག་གི་སྐུ་ཚབ་གནང་སྟེ་གཟེངས་རྟགས་དེ་བཞེས་གནང་ཡོད་པ་རེད།
རང་དབང་གཟེངས་རྟགས་དེ་བཞིན་འཛམ་གླིང་ཁྱོན་ཡོངས་ཀྱི་མི་མང་གི་རང་དབང་དང་ཐོབ་ཐང སོགས་ཀྱི་ལས་དོན་ཁུར་དུ་བཞེས་མཁན་རླབས་ཆེན་མི་སྣ་ཚོར་འབུལ་བཞེས་གནང་སྟེ་ད་བར་ལོ་ངོ་༢༧འཁོར་བའི་དུས་དྲན་མཛད་སྒོ་དང་སྟབས་བསྟུན། འདི་ལོའི་རང་དབང་གཟེངས་རྟགས་དེ་འཛམ་གླིང་ཁྱོན་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་། རང་དབང་དམངས་གཙོ། ཁེ་དབང་འདྲ་མཉམ། བྱམས་པ་སྙིང་རྗེ། ལྷག་པར་འཛམ་གླིང་གི་ཆོས་ལུགས་རིས་མེད་བཅས་ཀྱི་ཐད་ལ་མཛད་རྗེས་བླ་མེད་མཛས་འཕྲིན་བསྐྱངས་དང་སྐྱོང་བཞིན་པ་༧གོང་ས་མཆོག་ལ་བསྩལ་རྒྱུ་ཡོངས་ཁྱབ་གསལ་སྒྲགས་གནང་བ་དང་། སྐབས་དེར་ཨ་རིའི་རྒྱལ་ཡོངས་རྩ་ཁྲིམས་ལྟེ་གནས་ཁང་གི་འགན་འཛིན་ཇེཕ་རིའེ་རའོ་ སེན་(Jeffrey Rosen)གྱིས། ཕྱི་ལོ་ ༢༠༡༥ལོའི་རང་དབང་གཟེངས་རྟགས་འདི་བཞིན་༧གོང་ས་མཆོག་ལ་འབུལ་རྒྱུ་གཏན་འཁེལ་བས་ང་ཚོ་ཚང་མ་དགའ་བོ་བྱུང་། ༧གོང་ས་མཆོག་གིས་བོད་ཙམ་མ་ཟད། འཛམ་གླིང་ཁྱོན་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐུགས་འགན་དུ་བཞེས་ཏེ། ཁོང་གིས་དུས་རྒྱུན་འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་རང་དབང་དང་འདྲ་མཉམ། མི་རིགས་ཕན་ཚུན་བར་བཟོད་སྒོམ་དང་། རྩོད་རྙོག་ཐད་གྲོས་མོལ་དང་མཐུན་སྒྲིལ་ཡོང་བའི་བཀའ་སློབ་ལམ་སྟོན་གནང་མུས་ཡིན་པ་ལྟར། འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་རང་དབང་དང་བདེ་སྐྱིད་ཐུགས་འགན་བཞེས་མཁན་རླབས་ཆེན་གྱི་སྐྱེས་བུ་རྣམ་པར་བསྔགས་བརྗོད་དང་། ཁོང་རྣམ་པའི་བཀའ་དྲིན་རྗེས་དྲན་མཚོན་ཆེད་དུ། འདི་ལོའི་རང་དབང་གཟེངས་རྟགས་དེ་༧གོང་ས་མཆོག་ལ་གནང་རྒྱུ་གཏན་འཁེལ་བ་རེད་ཅེས་འགྲེལ་བརྗོད་གནང་འདུག
༧གོང་ས་མཆོག་གིས། འཛམ་གླིང་གི་རླབས་ཆེན་དབུ་ཁྲིད་རྣམ་པའི་ནང་དུ། ངོས་ལ་རང་དབང་གཟེངས་རྟགས་འདི་གནང་བར་དགའ་བོ་བྱུང་། འདི་ནི་ངོས་ཀྱི་མི་ཚེ་ནང་གྲོང་ཁྱེར་ Philadelphiaཕི་ལ་ཌེལ་ཕི་ཡའི་སྤུན་ཟླ་ཕོ་མོ་ཡོངས་ལ་ངོས་ཀྱིས་བྱམས་པ་དང་། བརྩེ་བའི་གོ་རྟོགས་སྤེལ་བའི་ལས་དོན་བསྒྲུབས་པར་བརྟེན་ནས་བསྩལ་གནང་བ་ཞིག་རེད་ཅེས་གསུངས་འདུག
ཨ་རིའི་རང་དབང་གཟེངས་རྟགས་འདི་ནི་ཕྱི་ལོ་༡༩༨༨ལོ་ནས་སྔ་རྗེས་སུ་འཛམ་གླིང་གི་སྐྱེ་འགྲོ་ཡོངས་ཀྱི་རང་དབང་དང་དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་། ཁེ་དབང་འདྲ་མཉམ་སོཊ་ཀྱི་ལས་དོན་ཐད་ལ་མཛད་རྗེས་འཇོག་མཁན་པོ་ལེནྜིའི་ལིཆེ་ཝ་ལེ་ས་(Lech Walesa) དང་། ལྷོ་ཨ་ཧྥེ་རི་ཁའི་སྲིད་འཛིན་ནེལ་སོན་མན་ཌི་ལ་(Nelson Mandela) མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཟུར་པ་ཀོ་ཕི་ཨ་ནན་(Kofi Annan) ཨ་རིའི་སྲིད་འཛིན་ཟུར་པ་བྭིལ་ཁི་ལིནྚོན་(Bill Clinton)སོགས་ལ་གནང་ཡོད་པ་དང་། གཟེངས་རྟཊ་འདིའི་ཕྱག་དོད་ཨ་སྒོར་འབུམ་གཅིག་ཡིན་པ་རེད།

གསར་འགོད་པ་ཀརྨ་རྒྱ་མཚོ།
ཞིབ་ཕྲ་འདི་གའི་ཆེད་གཏོང་གསར་འགོད་པ་ཚེ་དབང་དངོས་གྲུབ་ལགས་ཀྱིས་ས་གནས་ནས་གནས་ཚུལ་སྙན་སྒྲོན་ཞུས་བར་གསན་རོགས།


བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎