བོད་མི་༢༡ འཛིན་བཟུང་།


2013.04.11
ཉེ་ཆར་སྐྱེ་རྒུ་མདོའི་ཁང་པ་བཤིག་པའི་འདྲ་པར།
བོད་ནས་བཏང་འབྱོར།

༄༅།    །སྐྱེ་རྒུ་མདོའི་བོད་མི་ཚོར་རྒྱ་གཞུང་གིས་ས་ཆ་བཙན་འཕྲོག་དང་སྡོད་ཁང་བཤིག་པ་སོགས་ཀྱི་དཀའ་ངལ་བར་མ་ཆད་པ་བཟོ་ཡི་ཡོད་པའི་གནས་སྟངས་ལ་བརྟེན་ནས་ཡུལ་མི་དང་དམག་མིའི་བར་འཁྲུག་འཛིང་ཤོར་ཏེ། ཕྱི་ཚེས་༩ ཉིན་བོད་མི་༢༡ འཛིན་བཟུང་བཀག་ཉར་བྱས་ཡོད་པའི་གནས་ཚུལ་ཞིག་ང་ཚོའི་རླུང་འཕྲིན་ཁང་གིས་ཤེས་རྟོགས་བྱུང༌། ཕྱི་ཚེས་༩ ཉིན་སྐྱེ་རྒུ་མདོར་བོད་མི་བརྒྱ་ལྷག་ཙམ་གྱིས་ངོ་རྒོལ་གནང་བའི་སྐབས་རྒྱ་གཞུང་གིས་དམག་མི་བཏང་ནས་དྲག་གནོན་བྱས་འདུག་ལ། ས་གནས་བོད་མི་དང་དམག་མིའི་དབར་འཐབ་འཁྲུག་ལངས་ནས་བོད་མི་༦ ཙམ་ལ་རྨས་སྐྱོན་དང་། རྒྱ་གཞུང་གི་དམག་མི་༤ ཙམ་ལ་རྨས་སྐྱོན་ཕོག་པ་གོ་འཐོས་བྱུང༌། གནས་ཚུལ་དེ་བྱུང་བའི་རྗེས་རྒྱ་གཞུང་གི་ཉེན་རྟོག་པས་བོད་མི་༢༡ འཛིན་བཟུང་བཀག་ཉར་དང་། ད་དུང་རྒྱ་གཞུང་གིས་མང་ཚོགས་ཀྱི་ཁང་པ་༢༠༠ ལྷག་གཏོར་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་སོང་ཞེས་བོད་ནས་འབྲེལ་ཡོད་བོད་མི་ཅིག་གིས་ང་ཚོའི་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་གི་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎