ཐེ་ལྦན་ནང་ཕྲུ་གུ་བུ་མོ་གསུམ་སྟོང་མངལ་ནས་བཏོན་པ།

ཕྱི་ལོ་༢༠༡༠ལོར་ཐེ་ལྦན་ནང་ཕྲུ་གུ་བུ་མོ་༣༠༠༠མངལ་ནས་བཏོན་པའི་གནས་ཚུལ།

2011.05.15

༄༅༎ཐེ་ལྦན་ནང་ཁྱིམ་ཚང་ཚོས་ཕྲུ་གུ་བུ་དང་མོ་འདེམས་ཀ་བྱས་ཏེ། ན་ནིང་༢༠༡༠ ལོར་ཐེ་ལྦན་ནང་ཕྲུ་གུ་བོུ་གསུམ་སྟོང་མངལ་ནས་བཏོན་ཡོད་པར་བརྟེན་ཐེ་ལྦན་གྱི་མི་འབོར་འཕེལ་རྒྱས་ལ་གྱོང་གུད་ཆེན་པོ་བྱུང་ཡོད་པའི་སྐོར་རེས་གཟའ་ཉི་མའི་ཉིན་ཕེ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་པ་རེད།

ཐེ་ལྦན་གྱི་འཕྲོད་བསྟེན་ཡར་རྒྱས་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་གྱིས། ཐེ་ལྦན་ནང་ཕྲུ་གུ་བུ་སྐྱེས་རྒྱུའི་འདེམས་ཀ་བྱས་ཏེ། ཕྲུ་གུ་བོུ་མངལ་ནས་བཏོན་པའི་རྐྱེན་གྱིས་ཕོ་མོ་མང་ཉུང་གི་བར་ཁྱད་ཀྱི་དཀའ་ངལ་ཡོང་གི་ཡོད་པ་གསུང་ཡོད་ཅིང༌། ལྷག་པར་དུ་ན་ནི་༢༠༡༠ ལོར་New Taiper city སྨན་ཁང་ཞིག་ནང་ཕྲུ་གུ་༡༡ སྐྱེས་མཁན་བྱུང་བའི་ནང་ནས་བུ་བཅུ་དང་བོུ་གཅིག་ལས་བྱུང་མེད་པའི་གནས་ཚུལ་བྱུང་བ་མ་ཟད། དུས་ཚོད་དེ་གཅིག་མཚུངས་ལ་ཐའེ་ཕེ་གྲོང་ཁྱེར་སྨན་ཁང་དུ་ཕྲུ་གུ་བཅུ་སྐྱེས་པའི་ནང་ནས་བུ་དགུ་དང་གཅིག་བོུ་ལས་བྱུང་མེད་པར་བརྟེན་ནས། ཐེ་ལྦན་གྱི་འཕྲོད་བསྟེན་ཡར་རྒྱས་ལས་ཁང་དེ་ནས་ཞིབ་འཇུག་གི་ལས་དོན་ཞིག་འགོ་བཙུགས་ཡོད་པ་རེད། ཐེ་ལྦན་གཞུང་གི་དཔོན་རིགས་ནས། ཕྲུ་གུ་སྐྱེས་རྒྱུ་ཡོད་པའི་བེུད་ཚོས་སྨན་ཁང་དུ་ཕྱིན་ཏེ། ཕྲུ་གུ་བུ་དང་བོུ་ཡིན་མིན་གློག་པར་རྒྱབ་པ་བརྒྱུད་ཕོ་མོ་གང་ཡིན་ཤེས་པའི་རྗེས། གོང་གསལ་གྱི་New Taipei city སྨན་ཁང་དེ་དང་ཐའེ་ཕེ་གྲོང་ཁྱེར་སྨན་ཁང་དེ་གཉིས་ཀྱི་སྨན་པས། ཁྲིམས་འགལ་གྱིས་ཕྲུ་གུ་བོུ་མངལ་ནས་བཏོན་གྱི་ཡོད་པའི་བློ་དོགས་གནང་གི་ཡོད་པ་རེད། ཐེ་ལྦན་གྱི་ཁྲིམས་ལུགས་ལྟར་བྱས་ན། གལ་ཏེ་སྨན་པ་ཞིག་གིས་ཕྲུ་གུ་མངལ་ནས་བཏོན་པ་ཡིན་ཚེ། ཕལ་ཆེར་ཨ་རིའི་ཌོ་ལར་ཆིག་ཁྲི་བདུན་སྟོང་གི་ཉེས་ཆད་གཏོང་སྲིད་པ་ཡིན་གཤིས། འོན་ཀྱང་ཁྲིམས་ལུགས་ཡོད་མེད་ཀྱང༌། ཐེ་ལྦན་དང་རྒྱ་ནག དེ་མིན་གྱི་ཨེ་ཤེ་ཡའི་རྒྱལ་ཁབ་ནང་ཕྲུ་གུ་བུ་ཡིས་ཁྱིམ་ཚང་གི་ཤུལ་འཛིན་བྱེད་མཁན་དང་བརྩི་ཆེར་བརྩི་སྲོལ་ནི་རིག་གཞུང་ལྟར་བུ་གྱུར་ཡོད་པར་བརྟེན་ནས། ཕྲུ་གུ་བུ་སྐྱེས་པ་དང་བོུ་མངལ་ནས་བཏོན་པའི་གནས་ཚུལ་ནི་སྤྱིར་བཏང་ཞིག་ཡིན་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎