ཨེ་ཤེ་ཡའི་ཡུལ་གྲུའི་ནང་ཨེ་ཙིའི་འགོས་ཁྱབ་སྐོར།

ཨེ་ཤེ་ཡའི་ཡུལ་གྲུ་ཁག་ནང་མི་འབོར་ས་ཡ་ལྔ་བཅུ་ལྷག་ལ་ཨེ་ཙིའི་ནད་འབུ་འགོས་ཁྱབ་ཟིན་པའི་གནས་སྟངས་ཉེན་ཁའི་ཐོག་ཡོད་པའི་སྐོར།

2009.08.11

༄༅༎ཨེ་ཤེ་ཡའི་ཡུལ་གྲུ་ཁག་ནང་དུ་ཨེ་ཙི་འགོས་ནད་ཀྱི་ནད་འབུ་འགོས་ཁྱབ་ཟིན་པའི་བུད་མེད་ས་ཡ་གཅིག་དང་ཕྱེད་ཀ་ལྷག་ཡོད་པ་དང་དེ་དག་ལ་ནད་འབུ་དེ་རང་ཉིད་ཀྱི་བཟའ་ཚང་དང་དགའ་གྲོགས་ནས་འགོས་ཁྱབ་བྱུང་བ་མ་ཟད་ད་དུང་མི་འབོར་ས་ཡ་ལྔ་བཅུ་ལྷག་ལ་ཨེ་ཙིའི་ནད་འབུ་འགོས་ཁྱབ་ཟིན་པའི་གནས་སྟངས་ཉེན་ཁའི་ཐོག་ཡོད་པའི་སྐོར་གསུང་ཡོད་པ་རེད།

དེ་རིང་རེས་གཟའ་མིག་དམར་ཉིན་ཨིན་ཌོ་ནེ་ཤེ་ཡའི་གླིང་ཕྲན་སྦ་ལི་ནང་ཚོགས་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ཨེ་ཙི་འགོས་ནད་སྐོར་གྱི་རྒྱལ་སྤྱིའི་ལྷན་ཚོགས་ཐེངས་དགུ་པའི་ཐོག་ཨིན་ཌོ་ནེ་ཤི་ཡ་ནང་གི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཙི་འགོས་ནད་ཞིབ་འཇུག་ལས་ཁང་གིས་སྙན་ཐོ་ཞིག་བཏོན་པའི་ནང་དུ་ཨེ་ཙི་འགོས་ནད་དེའི་ནད་འབུ་དེ་ནི་བུད་མེད་ནང་འགོས་ཁྱབ་ཉེན་ཁ་ཆེ་བ་ཡོད་པ་དང་དེ་ཡང་བུད་མེད་ཆང་ས་རྒྱབ་ཟིན་པ་དང་ཡང་ན་དུས་ཡུན་རིང་པོར་དགའ་གྲོགས་སྒྲིག་ཏེ་སྡོད་མཁན་གང་ཡིན་རུང་དེ་དག་གི་བཟའ་ཟླ་དང་དགའ་རོགས་ཀྱིས་གཞན་དང་འབྲེལ་བ་བྱེད་མཁན་དེ་རིགས་ལ་ནད་འབུ་འགོས་ཁྱབ་འགྲོ་བ་ཆེས་ཉེན་ཁ་ཡོད་པ་མ་ཟད་དེང་སྐབས་སྤྱི་ཚོགས་ཐོག་ཕོ་མོ་རིགས་མཐུན་དགའ་རོགས་དང་ཉལ་ཐག་གི་རྩ་ཁབ་རྒྱབ་མཁན།ཡང་ན་སྨད་ཚོང་མའི་ནང་ཨེ་ཙི་འགོས་ནད་ཀྱི་ཉེན་ཁ་ཆེན་པོ་ཡོད་པའི་སྐོར་གསུང་ཡོད་པ་རེད།

ད་དུང་ཞིབ་འཇུག་གི་སྙན་ཐོ་དེའི་ནང་དུ་ཕྱི་ལོ་༡༩༩༩ལོར་གཞོན་སྐྱེས་ཨེ་ཙི་ནད་འབུ་འགོས་ཁྱབ་ཟིན་པ་བརྒྱ་ཆ་བཅུ་བདུན་ནས་ཕྱི་ལོ་ཉིས་སྟོད་བརྒྱད་ལོར་བརྒྱ་ཆ་སུམ་ཅུ་སོ་ལྔ་མང་དུ་འཕེལ་རྒྱས་ཡོད་པ་དང་ལྷག་པར་དུ་ཨེ་ཤེ་ཡའི་རྒྱལ་ཁབ་ཁེམ་སྦོ་ཌི་ཡ་དང་རྒྱ་གར།ཐའེ་ལེན་ཌི་བཅས་ནང་དུ་ཨེ་ཙི་འགོས་ནད་ཀྱི་ནད་འབུ་འགོས་ཁྱབ་ཟིན་པ་མང་ཆེ་བ་ནི་བུད་མེད་ཆང་ས་རྒྱབ་ཟིན་པའི་ནང་ཡིན་པ་དང་ཨིན་ཌོ་ནེ་ཤི་ཡའི་ནང་དུ་ད་ཆ་ནད་འབུ་དེ་མང་ཆེ་བ་དུས་ཡུན་རིང་པོ་དགའ་གྲོགས་སྒྲིག་ཏེ་སྡོད་མཁན་དང་སྨད་ཚོང་མའི་ནང་ཡིན་པར་བརྟེན་བསྡོམས་རྩིས་བྱས་ན་ཨེ་ཤེ་ཡའི་མངའ་ཁུལ་ནང་དུ་ད་ཆ་བུད་མེད་ས་ཡ་གཉིས་ཙམ་ལ་ཨེ་ཙིའི་ནད་འབུ་འགོས་ཁྱབ་ཟིན་པ་དེ་དག་ནི་དུས་ཡུན་རིང་པོར་དགའ་གྲོགས་མང་པོ་སྒྲིག་ཏེ་སྡོད་མཁན་དེ་དག་ནས་འགོས་ཁྱབ་བྱུང་བ་ཡིན་པ་གསུང་ཡོད་པ་རེད།

ད་རེས་སྦ་ལི་གླིང་ཕྲན་ནང་ཚོགས་བཞིན་པའི་ཨེ་ཙི་འགོས་ནད་དེའི་སྐོར་གྱི་ལྷན་ཚོགས་དེ་ནི་རེས་གཟའ་ཕུར་བུ་བར་སྐོང་ཚོགས་གནང་གི་ཡོད་པ་དང་དེའི་རིང་ལ་ཨེ་ཙི་འགོས་ནད་དེ་ནི་གཤག་བཅོས་ཀྱི་ལམ་ནས་བུ་བོུ་བཟོ་བ་དང་བུ་མོ་བུ་བཟོ་བའི་མཚན་མ་བརྗེ་འགྱུར་བྱེད་མཁན་ཁྲོད་དང་ས་གནས་གཅིག་ནས་གཅིག་ཏུ་འཕྲལ་སེལ་ཀྱི་ལས་ཀ་འཚོལ་དུ་འགྲོ་མཁན་ཁྲོད་དུ་ཉེན་ཁ་ཇི་ཡོད་དང་དེ་བཞིན་འགོས་ནད་དེའི་སྨན་བཅོས་ཀྱི་སྐོར་དང་འགོས་ནད་དེ་དར་ཁྱབ་ཆེ་བའི་ཡུལ་གྲུའི་ནང་གི་དཔལ་འབྱོར་གྱི་དཀའ་ངལ་ཐོག་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་ཀྱི་ཡོད་མེད་སྐོར་སོགས་ཀྱི་བརྗོད་གཞིའི་ཐོག་ལ་བཀའ་བསྡུར་གནང་རྒྱུ་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎