ཐའེ་ལྦན་གྱི་སྲིད་འཛིན་ཟུར་པར་ཁྲིམས་ཐག་གཅོད་རྒྱུར་ངོ་རྒོལ།

ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་ཁྲེན་ཧྲུའུ་བེན་ལ་རྒྱབ་སྐྱོར་ཞུ་མཁན་མི་དམངས་ལྔ་བརྒྱ་ལྷག་གིས་ཐའེ་པེ་ཁྲིམས་ཁང་གི་མདུན་དུ་ངོ་རྒོལ་བྱེད་རྒྱུ།

2009.09.09

༄༅༎ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་ཁྲེན་ཧྲུའུ་བེན་མཆོག་ལ་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་ཉེས་འཛུགས་བྱས་པ་དེར་རེས་གཟའ་པ་སངས་ཉིན་ཐའེ་ལྦན་གྱི་རྒྱལ་ས་ཐའེ་པེ་ཡི་ཁྲིམས་ཁང་ནས་ཐག་གཅོད་བྱ་རྒྱུ་ཡིན་པར་བརྟེན་དེ་ཉིན་སྲིད་འཛིན་ཟུར་པ་ཁྲེན་ཧྲུའུ་བེན་ལ་རྒྱབ་སྐྱོར་ཞུ་མཁན་མི་དམངས་ལྔ་བརྒྱ་ལྷག་གིས་ཐའེ་པེ་ཁྲིམས་ཁང་གི་མདུན་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུའི་འཆར་གཞི་ཡོད་པ་རེད།

དེ་རིང་རེས་གཟའ་ལྷག་པའི་ཉིན་སྲིད་འཛིན་ཟུར་པ་སྐུ་ཞབས་ཁྲེན་ཧྲུའུ་བེན་གྱི་ལས་ཁུངས་ཀྱི་དྲུང་ཆེ་ཅང་ཁྲི་མིང་གིས་སྲིད་འཛིན་ཟུར་པ་ཁྲེན་ཧྲུའུ་བེན་མཆོག་ལ་རྒྱབ་སྐྱོར་ཞུ་མཁན་ཚོས་ད་རེས་ཁྲིམས་ཁང་ནས་ཁོང་ལ་ལོ་དུས་རིང་ཐུང་ལ་མ་ལྟོས་པར་བཙོན་འཇུག་གི་ཉེས་ཆད་ཐག་གཅོད་བྱ་རྒྱུ་ཡིན་པ་ཚོད་དཔགས་བྱེད་ཀྱི་ཡོད་པར་བརྟེན་རེས་གཟའ་པ་སངས་ཉིན་ཁོང་ཚོ་རྒྱལ་ས་ཐའེ་པེ་ཡི་ཁྲིམས་ཁང་གི་མདུན་དུ་འདུ་འཛོམས་བྱས་ཏེ་ཁྲིམས་ཁང་གི་ཐག་གཅོད་ལ་ཁོང་ཁྲོའི་ངོ་རྒོལ་གྱི་རྣམ་པ་བཏོན་ཐབས་བྱ་རྒྱུ་ཡིན་པ་དང་ལྷག་པར་དུ་ཁོང་ཚོས་ཁྲིམས་ཁང་ནས་སྲིད་འཛིན་ཟུར་པ་ཁྲེན་ཧྲུའུ་བེན་མཆོག་ལ་ཁྲིམས་བཤེར་དྲང་བདེན་བྱས་མེད་པ་དང་ཁྲིམས་ཁང་གིས་ཐག་གཅོད་ལྗིད་པོ་བྱ་རྒྱུ་ཡིན་པ་ངོས་འཛིན་བྱེད་པ་མ་ཟད་ཁྲིམས་ཁང་གི་ཐག་གཅོད་དེར་ཁོང་ཚོས་ནམ་ཡང་ངོས་ལེན་བྱེད་ཀྱི་མ་རེད་ཅེས་གསུངས་ཡོད་པ་རེད། སྲིད་འཛིན་ཟུར་པ་སྐུ་ཞབས་ཁྲེན་ཧྲུའུ་བེན་གིས་ཁོང་དང་ཁོང་གི་སྐུ་ཟླ་གཙོས་པའི་ནང་མི་ཚོར་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་བཙུགས་པ་དེ་ནི་བདེན་པ་མ་རེད་ཅེས་ངོས་ལེན་གནང་གི་མེད་པ་མ་ཟད་ཁོང་དང་ནང་མི་ཚོར་ནག་ཉེས་བཙུགས་པ་དེ་ནི་རྒྱ་ནག་དང་མཛའ་གྲོགས་ཀྱི་འབྲེལ་ལམ་འཛིན་མཁན་སྲིད་འཛིན་མཱ་དབྱིང་ཇུ་ཡི་ཆབ་སྲིད་ཀྱི་བརྒྱུད་སྐུལ་དང་གཏམ་བརྗོད་ཅིག་རེད་ཅེས་གསུངས་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎