དུས་འཁོར་དབང་ཆེན་ཞུ་མཁན་མི་གྲངས་འཕར་བཞིན་ཡོད་འདུག


2014.07.07
དབུ་མ་རིན་ཆེན་ཕྲེང་བ་དང་བཤེས་སྤྲིངས་ཀྱི་གསུང་ཆོས་སྩོལ་བཞིན་པ། ༧གོང་ས་མཆོག་ནས་དད་ལྡན་ཆོས་ཞུ་བ་༡༣༠༠༠༠བརྒལ་བར་དབུ་མ་རིན་ཆེན་ཕྲེང་བ་དང་བཤེས་སྤྲིངས་ཀྱི་གསུང་ཆོས་སྩོལ་བཞིན་པ།
༸སྐུ་སྒེར་གྱི་དྲ་གནས།

འདི་གའི་ཆེད་གཏོང་གསར་འགོད་པས་ལ་དྭགས་ནས་གནས་ཚུལ་བཏང་དོན། ད་རེས་དུས་འཁོར་དབང་ཆེན་དུ་ཕེབས་མཁན་ཆོས་ཞུ་བའི་གྲངས་འབོར་ཉིན་རེ་བཞིན་འཕར་བཞིན་པ་ཡིན་ཞིང་། ཉིན་གཉིས་གོང་ཆོས་ཞུ་བ་དེབ་བསྐྱེལ་ཟིན་པའི་གྲངས་འབོར་ཆིག་འབུམ་བརྒྱད་སྟོང་དང་། རང་ལོ་བཅོ་ལྔ་མན་ཆད་དེབ་བསྐྱེལ་བྱེད་མ་དགོས་ཀྱང་ལོ་ཆུང་མང་པོ་ཞིག་ཕ་མའི་མཉམ་དུ་ཆོས་ཞུར་ཡོད་པས་ཆོས་ཞུ་བའི་གྲངས་འབོར་ངེས་ཅན་ཚོད་དཔག་དཀའ་བའི་རང་བཞིན་དུ་གྱུར་བའི་སྐོར་དུས་དབང་གྲ་སྒྲིག་ཚོགས་ཆུང་གི་ཚོགས་གཙོས་གསལ་འགྲེལ་གནང་འདུག བོད་མིའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་སླེ་ཞི་བའི་ཚལ་དུ་དཔལ་དུས་འཁོར་དབང་ཆེན་ཐེངས་༣༣་པའི་སྔོན་འགྲོའི་གསུང་ཆོས་སུ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་རྒྱལ་པོ་ལ་གཏམ་བྱ་བ་བཤེས་པའི་སྤྲིངས་ཡིག་དང་། དབུ་མ་རིན་ཆེན་ཕྲེང་བ་གནང་རྒྱུ་ཡིན་ཞིང་། ཚེས་༧་ཉིན་གྱི་སྔ་དྲོར་དབུ་མ་རིན་ཆེན་ཕྲེང་བ་ལས་མངོན་པར་མཐོ་བ་དང་ངེས་པ་ལེགས་པ་བསྟན་པའི་ལེའུ་ལྔ་ཡོད་པ་ནས་དང་པོ་ལེགས་པར་གྲུབ་ཡོད་འདུག གསུང་ཆོས་ནང་བདེན་བཞིའི་རྣམ་གཞག་དང་ཉམས་སུ་ལེན་སྟངས། བསླབ་པ་གསུམ་དང་། བདག་མེད་ལྟ་བའི་ཐོག་ལྷག་པའི་བསླབ་པ་བཅས་ཀྱི་ཟབ་གཞི་དགོངས་འགྲེལ་གནང་འདུག དེ་ནས་དབུ་མ་རིན་ཆེན་ཕྲེང་བའི་ནང་ཆང་མི་འཐུང་དང་འཚོ་བ་བཟང་ཞེས་པའི་ཚིགས་བཅད་འགྲེལ་པ་གནང་སྐབས་ཆང་འཐུང་བའི་ཉེས་པ་བཅོམ་ལྡན་འདས་ཀྱིས་ང་ལ་སྟོན་པར་སྨྲ་བ་རྣམས་ཀྱིས་ཆང་རྩྭ་ཡི་ཟིལ་པ་ཙམ་ཡང་འཐུང་བར་མི་བྱ་ཞེས་པའི་དགོངས་འགྲེལ་མཛད་ཅིང་། ལྷག་པར་རབ་ཏུ་བྱུང་བ་རྣམས་ཀྱིས་ཆང་གཏན་ནས་འཐུང་མི་ཆོག་པའི་ནན་བརྗོད་གནང་སྟེ། རབ་ཏུ་སྡེ་ཡིས་ཚུལ་ཁྲིམས་འཆལ་ན་སངས་རྒྱས་ཉམ་པའི་རྒྱུར་འགྱུར་ངེས་པ་དང་། དེ་སྔའི་རྨོངས་པའི་ཆོས་ལ་བསྟེན་པ་རྒྱུན་འཐུད་ན་སངས་རྒྱས་པའི་བསྟན་པ་ཡུན་རིང་གནས་མི་ཐུབ་ཅེས་མདོ་དོན་ཆོས་ཤེས་ནས་དད་པ་ཐོབ་པ་དང་ཆོས་ལ་སྤྲོ་བ་དང་སྤོབས་པ་སྐྱེད་ནས་ཆོས་ལ་བཞུགས་དགོས་པ། དེ་བཞིན་སངས་རྒྱས་པའི་ཆོས་ཀྱི་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པ་ཡིན་པའི་སྙིང་པོ་བཀའ་གནང་འདུག

གསར་འགོད་པ་འཇམ་དཔལ་ཕུན་ཚོགས།

ཞིབ་ཕྲ་འདི་གའི་ཆེད་གཏོང་གསར་འགོད་པ་པ་སངས་ཚེ་རིང་ལགས་ཀྱིས་ས་གནས་ནས་བཏང་བའི་གནས་ཚུལ་ལ་གསན་རོགས༎

གསར་འགོད་པ་པ་སངས་ཚེ་རིང༌། འབྲེལ་ཡོད་གནས་ཚུལ་གཤམ་ལ་གསན་རོགས།

 

གསར་འགོད་པ་ལྷུན་གྲུབ་ཚེ་རིང༌།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎