དབྱིན་ཡུལ་དུ་རྒྱ་གར་གྱི་ཆོས་ཕྱོཌ་དུས་ཆེན།
2011.08.22
༄༅༎དབྱིན་ཇིའི་རྒྱལ་ས་ལོན་ཌོན་གྱི་ནུབ་བྱང་ལྦཏ་ཕོདྲ་ས་གནས་སུ་ཁ་ས་དང་དེ་རིང་ཉིན་གཉིས་རིང་རྒྱ་གར་གྱི་ཆོས་ཕྱོགས་ཀྱི་དུས་ཆེན་ཇན་མཤི་ཏ་མི་སྲུང་བརྩི་ཞུ་བར་དབྱིན་ཡུལ་གྱི་ཕྱོགས་མཐའ་ཁག་ནས་རྒྱ་གར་བ་ཁྲི་དྲུག་ལྷག་འདུ་འཛོམས་བྱས་འདུག།
གོང་ཞུས་འདུ་འཛོམས་དེ་ནི་རྒྱ་གར་གྱི་ཕྱི་ལ་ རྒྱ་གར་བ་འདུ་འཛོམས་བྱས་པའི་གྲངས་འབོར་མང་ཤོས་ཤིག་ཡིན་པ་དང༌། ལྦཏ་ཕོདྲ་ཁུལ་བཀ་ཏི་ལྦེ་རྡན་ཏ་ཞེས་པའི་ལྷ་ཁང་ཆེན་པོ་ཞིག་ཡོད་པ་དེ་ནི། སྔར་༡༨༨༠ལོར་དབྱིན་ཇིའི་སྐུ་དྲག་གི་ཁང་ཆེན་ཞིག་ཡིན་པ་དང༌། ༡༩༧༣ལོར་དབྱིན་ཇིའི་རོལ་དབྱངས་ཚོགས་པ་སྦི་ཀྲལ་སེ་ནང་གི་སྒྲ་བརྙན་གཏོང་མཁན་ཇོཇ་ཧེ་རི་སེན་གྱིས་རྒྱལ་སྤྱིའི་ཀི་རིཤ་ན་ཆོས་ཚོགས་ཆེད་ཉོས་ཡོད་པ་རེད། ཇན་མཤ་ཏ་མི་དུས་ཆེན་དེ་བཞིན་རྒྱ་གར་གྱི་ལྷ་ཀི་རིཤ་ན’འི་འཁྲུངས་ཚེས་འཁེལ་གྱི་ཡོད་པ་དང༌། ད་རེས་དབྱིན་ཡུལ་ནང་ཚུགས་པའི་ཆོས་ཕྱོགས་ཀྱི་དུས་ཆེན་དེའི་སར་ སྒར་གཞས་དང་གཏམ་བརྗོད་འདྲ་མིན་འཁྲབ་སྟོན། ཆོས་གླུ་ལེན་པ་དང༌། ཧིན་དྷུའི་བླ་ཆེན་ཚོས་ཆོས་བཤད་གནང་བ་སོགས་ལས་རིམ་འདྲ་མིན་མང་པོ་གོ་སྒྲིག་ཞུས་ཡོད་པ་རེད། དེ་དང་ཆབས་ཅིག་རྒྱ་གར་གྱི་ཟས་སྣ་འདྲ་མིན་ཚོང་གི་ཡོད་པ་མ་ཟད། རིག་གཞུང་དང་འབྲེལ་བའི་འགྲེམས་སྟོན་ཀྱང་ཁག་མང་པོ་གཟིགས་ཡག་ཡོད་པ་རེད།