འདམ་གཞུང་རྫོང་ཐོག་བོད་མིས་རང་ལུས་མེར་བསྲེགས།

ལྷ་ས་གྲོང་ཁྱེར་གྱི་ཁོངས་གཏོགས་འདམ་གཞུང་འདམ་ཆུ་ཁ་གྲོང་བརྡལ་མཆོད་རྟེན་ཁུགས་ནས་ཡིན་པའི་བོད་མི་ན་གཞོན་ཞིག་གིས་རྫོང་ཐོག་ཏུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་འདུག

2012.07.10

འདི་ག་རླུང་འཕྲིན་ཁང་ལ་བོད་ནས་གནས་ཚུལ་འབྱོར་དོན་ལྟར་ན།  རང་ལོ་ ༢༣་ཙམ་ཡིན་པའི་བོད་རིགས་ན་གཞོན་པད་མ་རྡོ་རྗེ་འམ་ ཚེ་རིང་རྡོ་རྗེ་ཞུ་བ་ཞིག་གིས་འདམ་གཞུང་གི་རྗོང་སྲིད་གཞུང་གི་ཉེ་འགྲམ་དུ་ཡོད་པའི་ཚོགས་ཁང་ཆེན་པོ་ཞིག་གི་མདུན་དུ་སྐུ་ལུས་མེར་བསྲེག་བཏང་འདུག ཁོང་གི་སྐུ་ལུས་ལ་མེར་འབར་བཞིན་དུ་ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པའི་འབོད་ཚིག་སྒྲོགས་ཞོར་མི་ཌར་ ༡༠༠་ཙམ་གོམ་བགྲོད་ནས་རྒྱ་གཞུང་ལ་ངོ་རྒོལ་གནང་འདུག དེ་ནས་ས་གནས་ཀྱི་ཉེན་རྟོག་དམག་མི་འབྱོར་ནས་ཁོང་བཙན་དབང་གི་ཐོག་ནས་ས་གནས་ཀྱི་སྨན་ཁང་ཞིག་ཏུ་བཙན་འཁྲིད་བྱས་ཡོད་ཀྱང་ ས་གནས་སྨན་ཁང་གི་སྨན་བཅོས་བྱེད་མ་ཐུབ་པར་ ལྷ་ས་གྲོང་ཁྱེར་གྱི་ཕྱོགས་སུ་བཙན་འཁྲིད་བྱས་པའི་གནས་ཚུལ་བྱུང་ཡོད་འདུག་  བོད་ནས་འབྲེལ་ཡོདོ་མི་སྣས་བརྗོད་དོན། ཁོང་ལྷ་སའི་གྲོང་ཁྱེར་དུ་མ་འབྱོར་གོང་ལམ་བར་དུ་འདས་གྲོངས་སུ་གྱུར་ཡོད་པ་དང་། ཚོད་དཔག་ལྟར་ན། ཁོང་གི་སྐུ་ལུས་བརྒྱ་ཆ་དགུ་བཙུ་ཙམ་མེས་ཚིག་ཟིན་ཡོད་འདུག་ཅེས་ངོ་སྤྲོད་གནང། ཡང་བོད་ཕྱི་ན་ཡོད་པའི་འདམ་གཞུང་བ་ཞིག་གིས་རླུང་འཕྲིན་ཁང་ལ་བརྗོད་དོན། གནས་ཚུལ་དེའི་ཐད་ཁོས་ས་གནས་སུ་འབྲེལ་བ་གང་ཐུབ་བྱས་བ་ཡིན། གནས་ཚུལ་དེ་བདེན་ཐག་ཆོད་རེད། ད་དུང་མུ་མཐུད་ནས་འབྲེལ་བ་བྱེད་བཞིན་པ་ཡིན་ཡང་ས་གནས་སུ་དམ་དྲག་ཆེན་པོ་འདུག་ཅེས་བཤད། དེ་ལྟར་བོད་ནས་གནས་ཚུལ་གནང་མཁན་དང་བཙན་བྱོལ་དུ་གནས་པའི་མི་སྣ་གཉིས་ཀས་གནས་ཚུལ་དངོས་སུ་བྱུང་ཡོད་པ་དང་། འདམ་གཞུང་དུ་ད་ཆ་ཁ་པར་སོགས་ཀྱི་འཕྲིན་ལམ་ལ་དམ་བསྒྲཌ་ཤུགས་ཆེན་བྱེད་བཞིན་པ་མ་ཟད་། མེར་བསྲེགས་གནས་ཚུལ་དེའི་སྐོར་ཕྱི་ཕྱོགས་སུ་གསང་བ་བྱེད་གང་ཐུབ་བྱེད་བཞིན་པ་བརྗོད་བྱུང་ལ་འདི་ག་རླུང་འཕྲིན་ཁང་ནས་འདམ་གཞུང་ཉེན་རྟོག་ལས་ཁུངས་ལ་ཁ་པར་བརྒྱུད་དེའི་ཐད་སྐད་ཆ་དྲིས་སྐབས། ཁ་པར་ལེན་མཁན་བོད་རིགས་ལས་བྱེད་ཞིག་གིས་ཁྱེད་ཚོ་སུ་དང་གང་ནས་ཡིན་པ་དང་། གནས་ཚུལ་གང་ནས་གོ་བ་སོགས་མང་པོ་དྲིས་པའི་མཐར་འདམ་གཞུང་ལ་གནས་ཚུལ་དེ་འདྲ་བྱུང་མེད་པའི་འགྲེལ་བརྗོད་བྱས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎