ཡུ་རོབ་མཉམ་སྦྲེལ་གྱི་ཕྱི་སྲིད་འགན་འཛིན་གྱིས་འཚམས་གཟིཌ

ཡུ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་ཕྱི་སྲིད་འགན་འཛིན་མཆོག་ཨེ་ཤི་ཡའི་ཁུལ་དུ་ཉིན་གྲངས་ལྔའི་རིང་གཟིགས་སྐོར་གནང་བར་ཕེབས་རྒྱུའི་ཐོག་མ་རྒྱ་ནག་ནས་འགོ་བཙུགས་འདུག

2012.07.09

ལྕམ་Ashton ཁོང་གིས་རྒྱ་ནག་གི་དཔོན་རིགས་མཉམ་ ཕྱི་འབྲེལ་སྲིད་བྱུས་དང་བདེ་འཇགས་ཀྱི་གནད་དོན་སྐོར་གྲོས་མོལ་གནང་རྒྱུ་ཡིན་པ་ལྟར། ཁོང་རང་ཡུལ་ནས་ཕེབས་ཐོན་མ་གནང་གོང་སྤེལ་གནང་བའི་བསྒྲགས་གཏམ་ནང༌། ཡུ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱིས་རྒྱ་ནག་དང་མཉམ་འབྲེལ་བ་གནང་སྐབས།གཞི་རྒྱ་ཆེ་བའི་ཐུན་མོང་གི་ཁེ་ཕན་མཉམ་སྤྱོད་བྱ་རྒྱུའི་ཕན་ཚུན་རྒྱལ་ཁབ་འདྲ་མཉམ་གྱི་ཐོག་ནས་གཅིག་ལ་གཅིག་རྟེན་གྱི་འབྲེལ་བ་ཞིག་འཛུགས་དགོས་ཀྱི་ཡོད་པ་དང༌། ཡུ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་ངོས་ནས་འཛམ་གླིང་སྤྱིའི་གནད་དོན་སྐོར་གྲོས་མོལ་བྱ་རྒྱུའི་འགན་འཁྲི་ཡོད་པའི་སྐོར་འགྲེལ་བརྗོད་གནང་བཞག།
ལྕམ་Ashton གིས་ད་རེས་རྒྱ་ནག་མཉམ་ཚོགས་འདུ་གནང་ཡག་དེ་ཡུ་རོཔ་མཉམ་སྦྲེལ་སྒྲིག་འཛུགས་དང་རྒྱ་ནག་གཉིས་དབར་ཐབས་ཇུས་ཀྱིི་གྲོས་མོལ་ཐེངས་གསུམ་པ་དེ་ཆགས་ཀྱི་ཡོད་པ་དང༌། ཚོགས་འདུ་དེའི་ཐོག་ནས་ད་ལོ་སྟོན་ཀའི་སྐབས་སུ་ Brussels ནང་འཚོགས་རྒྱུའི་ཕྱོགས་གཉིས་དབར་གྱི་ཆེས་མཐོའི་ལྷན་ཚོགས་ཀྱི་རྨང་གཞི་བཏིང་གནང་རྒྱུ་ཡིན་པ་རེད།
ད་རེས་རྒྱ་ནག་ཏུ་ཕེབས་སྐབས། ལྕམ་Ashton ཡིས་རྒྱ་ནག་གི་སྲིད་བློན་ཝེན་ཅ་པའོ་དང།རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགན་འཛིན་གྲས་ Dai Bingguo
དེ་བཞིན་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་Liang Guanglie བཅས་དང་མཉམ་དུ་མཇལ་འཕྲད་གནང་ཡག་རེད་འདུག།
རྒྱ་ནག་ནང་གི་གཟིགས་སྐོར་གྲུབ་མཚམས་རེས་གཟའ་ལྷག་པའི་ཉིན་ལྕམ་Ashton
ཧོང་ཀོང་ལ་ཕེབས་ཐོན་གནང་གི་ཡོད་པ་དང༌།དེ་ནས་རེས་གཟའ་ཕུར་བུའི་ཉིན་ ཀམ་བྷོ་དྲི་ཡའི་རྒྱལ་ས་Phnon Penh དུ་ལྷོ་ཤར་ཨེ་ཤི་ཡའི་ཡུལ་ཁག་མཉམ་མཐུན་ལྷན་ཚོགས་ཀྱི་ཚོགས་ཆེན་ནང་མཉམ་ཞུགས་གནང་ཡག་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎