ལོ་༡༦ཅན་གྱི་རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་མི།

རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་ར་སྒྲེང་སྐུ་ཐོག་དྲུག་པའི་ཡང་སྲིད་ཡིན་ཞེས་པའི་ལོ་ན་༡༦་ཅན་གྱི་བསོད་ནམ་ཕུན་ཚོགས་རྒྱ་ནག་མི་དམངས་ཆབ་སྲིད་གྲོས་ཚོཊ་ཀྱི་ཚོཊ་མིར་བསྐོ་གཞག་བྱས་ཡོད་པ་རེད།

2013.01.28

དེ་ཡང་འདི་ནི་ཆོས་ཀྱི་དབུ་ཁྲིད་གལ་ཆེ་ཞིག་ལ་ཆབ་སྲིད་ཀྱི་སྐུ་དབང་ཕུལ་བ་ཞིག་ཡིན་ལུགས་དེ་རིང་ཕ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་ཡོད་པ་དང་། ཕྱི་ལོ་༢༠༠༠ལོར་བསོད་ནམ་ཕུན་ཚོགས་ལགས་ར་སྒྲེང་རིན་པོ་ཆེ་སྐུ་ཕྲེང་བདུན་པའི་ཡང་སྲིད་དུ་ངོས་འཛིན་གྱིས་ཁྲི་འདོན་གནང་བ་ཡིན་པ་དང་། ར་སྒྲེང་རིན་པོ་ཆེ་ནི་༧གོང་ས་མཆོག་ཞལ་མ་བཞུགས་པའི་སྐབས་རྒྱལ་ཚབ་གནང་གི་ཡོད་པ་རེད། རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་དགོངས་པ་རྫོགས་པའི་རྗེས་སྐུ་ཕྲེང་བཅུ་བཞི་པའི་ཡང་སྲིད་ངོས་འཛིན་ཞུ་རྒྱུར་ར་སྒྲེང་རིན་པོ་ཆེ་སྐུ་ཕྲེང་ལྔ་པས་འབད་བརྩོན་ཆེན་པོ་གནང་ཡོད་འདུག  ད་ཐེངས་ར་སྒྲེང་རིན་པོ་ཆེ་ཡང་སྲིད་ཟེར་བར་ཆབ་སྲིད་ཀྱི་སྐུ་དབང་ཕུལ་བ་དེ་ནི་རྒྱ་ནག་གཞུང་གིས་སྤྲུལ་སྐུ་ངོས་འཛིན་བྱ་ཕྱོགས་ཐད་སྟང་འཛིན་བྱ་ཤུགས་ཆེ་རུ་བཏང་བ་ཞིག་ཡིན་པ་དང་། རྒྱ་ནག་ཉིན་རེའི་གསར་ཤོག་གིས་ར་སྒྲེང་རིན་པོ་ཆེ་ནི་རྒྱ་ནག་མི་མང་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་མི་ལོ་ན་ཆུང་ཤོས་དེ་ཡིན་པ་དང་། ཁོང་གིས་ཆབ་སྲིད་ཀྱི་སྐུ་དབང་བཞེས་རྒྱུར་ངོས་བཞེས་གནང་ཡོད་ཐོག་ཁོང་ནི་རྒྱལ་ཞེན་ཅན་ཞིག་ཡིན་ལུགས་འགྲེལ་བརྗོད་བྱས་འདུག

དེ་བཞིན་རྒྱ་ནག་གི་ཉིན་རེའི་གསར་ཤོག་དེས་ར་སྒྲེང་རིན་པོ་ཆེ་ཡིས་སྐད་ཡིག་འདྲ་མིན་སྦྱང་ཞོར་དྲ་རྒྱར་རྒྱུན་དུ་བལྟ་ཀློག་གནང་གི་ཡོད་པ་དང་། དྲ་རྒྱའི་དོ་རའི་ནང་བྲིས་ཀློག་གནང་རྒྱུར་དགའ་མོས་ཆེན་པོ་ཡོད་ལུགས་བཤད་འཁོད་འདུག འོན་ཀྱང་ར་སྒྲེང་རིན་པོ་ཆེ་ཡི་དྲ་རྒྱའི་དོ་རའི་ནང་རྒྱལ་བ་རིན་པོ་ཆེ་ཡི་སྐོར་གང་ཡང་བྲིས་གནང་མེད་པ་དང་། ཉེ་བའི་ཆར་ཁོང་གིས་དབུ་ཁྲིད་སུ་ཡིན་མིན་དེ་གལ་ཆེན་པོ་མ་རེད་སུས་མི་མང་ལ་ཕན་ཐོག་བྱེད་ཀྱི་ཡོད་མེད་དེ་གལ་ཆེན་པོ་རེད་ཅེས་དྲ་རྒྱའི་ནང་བྲིས་གནང་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎