རྒྱ་ནག་གིས་བོད་ཐོག་གུ་ཡངས་གཏོང་རྩིས་མེད་པའི་བརྡ།

རྒྱ་ནག་གིས་བལྟ་བ་མཁྲེགས་བཟུང་ཅན་གྱི་བོད་མི་ཞིག་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལ་པར་བསྐོ་བཞག་བྱས་ཡོད་པ་ནི་རྒྱ་ནག་གིས་བོད་ཐོག་དམ་བསྒྲཌ་བྱེད་ཤུགས་ཆུང་དུ་གཏོང་རྩིས་མེད་པའི་བརྡ་སྟོན་པ་རེད།

2013.01.29

དེ་ཡང་བོད་རང་སྐྱོང་ལྗོངས་ཀྱི་ས་གནས་མི་མང་འཐུས་མིའི་ལོ་འཁོར་ཚོགས་ཆེན་མཇུག་སྒྲིལ་གྱི་ཉིན་འགོ་ཁྲིད་རྙིང་པ་པདྨ་འཕྲིན་ལས་ཀྱི་ཚབ་ཏུ། ལོ་ན་༥༥ཡིན་པའི་བློ་བཟང་རྒྱལ་མཚན་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་གསར་པར་བསྐོ་བཞག་བྱས་ཡོད་སྐོར་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ལས་ཁང་གིས་གསལ་བསྒྲགས་ཡོད་པ་དང་། བོད་ནང་གི་རྩོམ་པ་པོ་གྲགས་ཅན་འོད་ཟེར་ལགས་ཀྱིས་བློ་བཟང་རྒྱལ་མཚན་ནི་དམར་ཤོག་གི་བལྟ་བ་མཁྲེགས་བཟུང་བྱེད་མཁན་ཞིག་ཡིན་པ་དང༌། མཐོ་རིམ་གོ་གནས་ཐོག་ཡོད་མཁན་དཔོན་རིགས་ཚང་མ་བལྟ་བ་མཁྲེགས་འཛིན་པ་ཤ་སྟག་ཡིན་སྐོར་འགྲེལ་བརྗོད་གནང་བ་དང་འབྲེལ་། བོད་ནང་དངོས་གཞིའི་འགྱུར་བ་གང་ཡང་འགྲོ་རྒྱུ་མིན་སྐོར་གསུང་འདུག

བློ་བཟང་རྒྱལ་མཚན་ནི་དེའི་གོང་བོད་ཀྱི་རྒྱལ་ས་ལྷ་སའི་གྲོང་ཁྱེར་སྤྱི་ཁྱབ་ཡིན་པ་དང༌། དེ་སྔོན་སྐབས་ཅིག་དམར་ཤོག་གི་བལྟ་གྲུབ་སློབ་ཁྲིད་བྱེད་མྱོང་ཡོད་སྐོར་གཞུང་འབྲེལ་ལོ་རྒྱུས་ནང་བཀོད་འདུག

ཁོང་གི་གོང་ལ་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་མཐོ་ཤོས་དེ་དམར་ཤོག་ཚོགས་པའི་ཚོགས་གཙོ་Chen Quanguo ཡིན་པ་དང༌། གོ་གནས་དེའི་ཐོག་རྒྱ་མི་རིགས་མ་གཏོགས་བོད་པ་གཅིག་ཀྱང་ད་བར་བསྐོ་བཞག་བྱས་མྱོང་མེད།

བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་ཀྱི་གྲོས་ཚོགས་འཐུས་མི་ཚོར་གཏམ་བཤད་བྱེད་སྐབས། ས་གནས་སྲིད་གཞུང་གིས་སེམས་ཐག་གཙང་གཅད་ཀྱི་སྒོ་ནས་བཙན་བྱོལ་དུ་ཡོད་པའི་བོད་མིའི་དབུ་ཁྲིད་༧གོང་ས་༧ཏཱ་ལའི་བླ་མར་འཐབ་རྩོད་བྱ་རྒྱུ་དང༌། བོད་ནང་གནས་སྟངས་བརྟན་ལྷིང་ཡོང་ཐབས་སུ་གྲངས་ཉུང་མི་རིགས་དབར་གྱི་འབྲེལ་བ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོབ་དམ་འཛིན་བྱ་རྒྱུ་སོགས་བཤད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎