རང་ལུས་མེར་བསྲེགས་གཏོང་མཁན་འཛིན་བཟུང་གི་ལག་ཆ།

རང་ལུས་མེར་བསྲེགས་གྱི་ཚ་རླབས་ལ་བརྟེན་རྒྱ་ནག་གི་འབྲེལ་ཡོད་ཚན་པས་རང་ལུས་མེར་བསྲེགས་བཏོང་མཁན་འཛིན་བཟུང་ཆེད་དམིགས་བསལ་ལག་ཆ་མང་པོ་གསར་བཟོ་བྱས་ཡོད་པ་གང་སར་མཐོང་རྒྱུ་ཡོད་པ་རེད།

2012.08.06

དེ་ཡང་རྒྱ་ནག་གི་བདེ་སྲུང་མི་སྣས་ཨ་ལོང་དང་ལྕགས་སྐྱུ་རིང་ཐུང་སྣ་ཚོགས་ལྷ་སའི་ནང་མང་པོ་བཞག་ཡོད་པ་དང་ཨ་ལོང་དང་ ལྕགས་སྐྱུ་དེ་ཚོ་རང་ལུས་མེར་བསྲེགས་གཏོང་བཞིན་པའི་སྐབས་གཟུགས་པོ་དང་སྐྱེད་པ་མཇིང་པ་རྐང་པ་སོགས་ནས་འཛིན་བྱེད་ཀྱི་ལག་ཆ་གསར་པ་ཡིན་པ་རེད་ །  ཉེ་འཆར་ཕྱི་ཟླ་བདུན་པ་བརྒྱད་པའི་ནང་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་ཞིག་གིས་ལྷ་ས་གྲོང་ཁྱེར་ནང་བཞག་པའི་ལག་ཆ་དེ་ཚོ་དང་མེ་བསོད་ཆེད་སོགས་ཀྱི་པར་མང་པོ་ཞིག་བརྒྱབ་ཡོད་པ་དང་པར་དེ་ཚོ་པེ་ཅིང་ནང་བཞུགས་མཁན་རྩོམ་བྲིས་པ་འོད་ཟེར་ལགས་ཀྱིས་སྤྱི་ཚོགས་དྲ་འབྲེལ་ཐོག་བཞག་ཡོད་འདུག་།  ལག་ཆ་གསར་པ་དེ་ཚོ་ནི་ལྷ་ས་ཙམ་མ་ཡིན་པར་བོད་ས་ཡོངས་སུ་ཡོད་པའི་རྒྱ་ནག་གི་བདེ་སྲུང་མི་སྣའི་ལག་ཏུ་ཡོད་ལུགས་འོད་ཟེར་ལགས་ཀྱིས་གསུང་བཞག།  ཨ་ལོང་དང་ལྕགས་སྐྱུའི་ལག་ཆ་གསར་པ་དེ་རིགས་ཁག་ཅིག་ ཕྱི་ཟླ་༥ཚེས་༢༧་ཉིན་ལྷ་སར་རང་ལུས་མེ་མཆོད་ཕུལ་མཁན་དར་རྒྱས་ལགས་དང་། རྡོ་རྗེ་ཚེ་བརྟན་ལགས་གཉིས་ཀྱིས་ རང་ལུས་མེར་བསྲེགས་གཏོང་ཡུལ་ལྷ་སའི་ཇོ་ཁང་གི་མདུན་དང་བར་སྐོར་གྱི་རྒྱབ་ཏུ་བཞག་ཡོད་པ་དེ་ཚོ་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་དེས་པར་ལེན་བྱས་ཡོད་འདུག་། རྒྱ་ནག་གི་ཉེན་རྟོག་པ་དང་། བདེ་སྲུང་མི་སྣས་བོད་མི་སྤྱི་དང་། ལྷག་པར་དུ་རང་ལུས་མེར་བསྲེགས་གཏོང་མཁན་བོད་མིའི་ཐོག་དྲག་གནོན་དང་། མནར་གཅོད་སྣ་ཚོགས་བྱེད་བཞིན་པ་དེ་ནི་གནས་ཚུལ་གསར་པ་གང་ཡང་མིན་ཀྱང་ལྕགས་ཀྱི་ཨ་ལོང་དང་། ལྕགས་སྐྱུ་རིང་ཐུང་སྣ་ཚོགས་བེད་སྤྱོད་བྱེད་ཆེད་གསར་དུ་བཟོས་པ་དེ་ནི་གནས་ཚུལ་གསར་པ་ཞིག་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎