གྲགས་ཅན་སྒྱུ་རྩལ་བར་མུ་མཐུད་དུ་གནོན་ཤུགས་སྤྲོད་བཞིན་པ།
2012.10.03
རྒྱ་རིགས་སྒྱུ་རྩལ་བ་ Ai Wei Wei གྱིས་རེས་གཟའ་མིག་དམར་ཉིན་གསུངས་དོན་ལྟར་ན་ རྒྱ་ནག་གཞུང་གིས་ཁོང་གི་ཚོང་ལས་ཁང་དུས་ཐོག་དེབ་བསྐྱེལ་བསྐྱར་གསོ་མ་བྱས་པའི་རྒྱུ་མཚན་ལ་སྙད་ནས་ཁོང་གི་ཚོང་ལས་ཁང་གི་ལག་འཁྱེར་ཕྱི་བསྡུ་བྱས་ཡོད་པ་རེད་འདུག་། འོན་ཀྱང་ཁོང་གིས་མུ་མཐུད་ནས་གསུངས་དོན་ལ་ ཁོང་གིས་གཉེར་བའི་ཚོང་ལས་ཁང་གི་དེབ་བསྐྱེལ་བསྐྱར་གསོ་ཆེད་དགོས་པའི་ཡིག་ཆ་ཁག་རྒྱ་གཞུང་གིས་གཞུང་བཞེས་བཏང་ནས་ཕྱིར་རྩིས་སྤྲོད་བྱས་མེད་པས་དུས་ཐོག་དེབ་བསྐྱེལ་བྱེད་ཐུབ་ཀྱི་མེད་པའི་རྒྱུ་མཚན་འགྲེལ་བརྗོད་གནང་འདུག་། ལོ་སྔོན་མའི་ནང་ རྒྱ་རིགས་སྒྱུ་རྩལ་བ་ Ai Wei Wei རྒྱ་ནག་གིས་བཀའ་ཉར་བྱས་པའི་སྐབས་ཁོང་གི་གློག་ཀླད་འཕྲུལ་འཁོར་དང་ ཡིག་ཆ་ཚང་མ་གཞུང་གིས་བཙན་འཕྲོག་བྱས་ཡོད་ཅིང་། དེ་རྗེས་ཁོང་གི་གློག་ཀླད་འཕྲུལ་འཁོར་ཕྱིར་རྩིས་སྤྲོད་བྱས་ཡོད་ཀྱང་ ཡིག་ཆ་ཁག་ཚུལ་སྤྲད་མེད་པའི་སྐོར་ རྒྱ་རིགས་རྒྱུ་རྩལ་བ་ Ai Wei Wei་ གསལ་བཤད་གནང་འདུག་། ་རྒྱ་ནག་གིས་ཁོང་ལ་དཔྱ་ཁྲལ་མ་སྤྲད་པར་་གཡོལ་ཐབས་བྱས་པའི་ཉེས་འཛུགས་བྱས་ཡོད་པ་རེད་། ཡིན་ནའི་ཁོང་དང་ཁོང་ལ་རྒྱབ་སྐྱོར་གནང་མི་རྣམས་ཀྱིས་ ཁོང་གིས་་རྒྱ་ནག་གཞུང་གི་ཁྲིམས་ལུགས་དབང་འཛིན་ལ་བརྩི་མེད་རྡོག་རོལ་དུ་བཏང་བ་དང་མི་སེར་རྣམས་ཀྱི་ཐོབ་ཐང་སྐོར་ཞལ་གསང་གི་ཐོག་ནས་ཤུགས་ཆེ་གསུངས་པའི་རྒྱུ་མཚན་གྱི་ཡིན་པ་ལས་དཔྱ་ཁྲལ་གྱི་གནད་དོན་མེད་པའི་སྐོར་རྒྱ་ནག་ལ་ལན་འདེབས་སྐྱོན་བརྗོད་གནང་བའི་གནས་ཚུལ་བྱུང་ཡོད་པ་རེད་འདུག