ཉི་ཧོང་དང་རྒྱ་ནག་བར་དམག་འཁྲུག་ཡོང་གཞིར་འགྱུར་སྲིད་པ།

རྒྱ་ནག་གིས་ཏེའུ་ཡུད་རྡའོ་དང་ཉི་ཧོིང་གིས་སེན་ཀའ་ཀོ་ཞེས་འབོད་པའི་རྩོད་གཞི་ཅན་གྱི་གླིང་ཕྲན་དེའི་བདག་དབང་ཆེད་ཉི་ཧོང་དང་རྒྱ་ནག་བར་དམག་འཁྲུག་ཡོང་གཞིའི་གནས་སྟངས་འོག་ཚུད་ཡོད་པ་རེད།

2012.09.26

དེ་ཡང་རེས་གཟའ་མིག་དམར་ཉིན་རྒྱ་ནག་གི་ཕྱོགས་ནས་བརྗོད་པར་ཉི་ཧོང་གི་ཕྱོགས་ནས་གླིང་ཕྲན་དེའི་སྟེང་གང་བྱུང་གི་སྒྱུ་མ་ལྟ་བུའི་འཁྲུལ་སྣང་གི་བྱ་སྤྱོད་མཐའ་དག་མཚམས་འཇོག་དགོས་པའི་སྐོར་བརྗོད་ཡོད་པ་རེད། གླིང་ཕྲན་དེའི་རྩོད་རྙོག་གི་སྐོར་ཉི་ཧོང་གི་ཕྱི་འབྲེལ་བློན་ཆེན་གཞོན་པ་Chikao Kawai དང་རྒྱ་ནག་གི་ཕྱི་འབྲེལ་བློན་གཞོན་པ་Zhang Zhijun གཉིས་ཀྱི་དབར་རྒྱ་ནག་གི་རྒྱལ་ས་སྦད་ཅིང་ལ་བཀའ་བསྡུར་གནང་ཡོད་པ་རེད།

རྒྱ་ནག་གི་མི་མང་ཁྱོན་ཆེས་ཉི་ཧོང་ལ་ངོ་རྒོལ་ཁྲོམ་སྐོར་གྱི་ལས་འགུལ་མང་པོ་སྤེལ་བཞིན་ཡོད་པ་རེད། མ་ཟད་རྒྱ་ནག་ནང་ཡོད་པའི་ཉི་ཧོང་གི་Panasonic དང་Honda བཟོ་ཚོང་ཡན་ལག་ཁང་སོགས་འཕྲལ་སེལ་སྒོ་རྒྱབ་དགོས་བྱུང་སྟེ་ཁོང་ཚོའི་ལས་མིའི་བདེ་འཇགས་དང་བཟོ་གྲྭའི་བདག་དངོས་ཀྱི་བདེ་སྲུང་ལ་སེམས་འཚབ་བྱེད་ཀྱི་ཡོད་པ་རེད།

དེ་བཞིན་ཐེངས་འདིའི་ཕྱོགས་ཕན་ཚུན་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་མཇལ་འཕྲད་བཀའ་བསྡུར་གནང་བ་བརྒྱུད་ཇི་དགེའི་ཐག་གཅོད་ཡོང་རེ་གནང་གི་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎