ཕྱི་སྡོད་བོད་མིས་འབྲེལ་བ་བྱེད་ཡུལ་ལས་ཁུངས།

ཕྱི་སྡོད་བོད་མི་ཚོའི་དཀའ་ངལ་སེལ་ཆེད་བོད་རང་སྐྱོང་ལྗོངས་ནས་མི་རིང་བར་ཕྱི་སྡོད་བོད་མི་ཚོ་དང་འབྲེལ་བ་བྱེད་ཡུལ་གྱི་ལས་ཁུངས་ཤིག་གསར་འཛུགས་བྱེད་འཆར་ཡོད་པ་རེད་འདུག

2012.09.10

ཧོང་ཀོང་གི་མིན་པའོ་གསར་ཤོག་གིས་མི་རིགས་སློབ་གསོའི་སློན་དཔོན་ Xiong Kunxin བཤད་པ་ལྟར་གནས་ཚུལ་སྤེལ་དོན། རྒྱ་ནག་གི་ཞིང་ཆེན་དང་། རང་སྐྱོང་ལྗོངས་གཞན་དང་འདྲ་མཚུངས་བོད་ཀྱི་ཕྱི་ཕྱོགས་སུ་བོད་མི་འབོར་ཆེན་གནས་སྡོད་བྱེད་ཀྱི་ཡོད་ཀྱང་། ཁོང་ཚོ་དང་མཉམ་དུ་འབྲེལ་མཐུད་བྱེད་མཁན་གྱི་ལས་ཁུངས་བོད་ནང་ད་བར་མེད་པར་བརྟེན་བོད་རང་སྐྱོང་ལྗོངས་ཁུལ་འབྲེལ་མཐུད་ལས་ཁུངས་ཤིག་གསར་འཛུགས་བྱེད་སྲིད་པ་རེད་ཅེས་དང་། ཁོང་གིས་ལས་ཁུངས་འདི་འདྲ་ཞིག་གསར་འཛུགས་བྱེད་ཐུབ་པ་ཡིན་ན་དེས་ཕྱི་སྡོད་བོད་མི་ཚོ་དང་། འཐབ་ཕྱོགས་གཅིག་འགྱུར་གྱི་འབྲེལ་ཡོད་ཚོའི་དབར་འབྲེལ་ལམ་ཡག་ཏུ་འགྲོ་རྒྱུའི་རེ་བ་ཡོད་རེད་། དེ་སྔ་བོད་མི་གཞོན་སྐྱེས་འགའ་ཤས་ཏཱ་ལའི་བླ་མ་མཆོག་དངོས་སུ་མཇལ་ན་བསམ་ནས་བོད་ནས་ཕྱི་ལ་ཕྱིན་པ་རེད། ད་ཆ་ཁོང་ཚོ་ཕྱིར་ཕ་ཡུལ་ལ་ལོག་འདོད་ཡོད་ཀྱང་དངུལ་གྱི་དཀའ་ངལ་འཕྲད་པ་དང་། ཡང་ན་ཁོང་ཚོ་ཕྱིར་ལོག་པ་ཡིན་ན་འཛིན་བཟུང་བྱེད་ཀྱི་རེད་བསམ་པའི་ཞེད་སྣང་ཡོད་པ་ཡིན་དུས་ལས་ཁུངས་འདི་བརྒྱུད་ནས་ཁོང་ཚོའི་དཀའ་ངལ་སེལ་ཐབས་སུ་ཕན་ཐོག་ཡོང་གི་རེད་ཅེས་འགྲེལ་བརྗོད་བྱས་སྐོར་ལུང་འདྲེན་བྱས་ཡོད་པ་རེད། ད་དུང་དེའི་ནང་རྒྱ་ནག་གཞུང་དང་། འཐབ་ཕྱོགས་གཅིག་འགྱུར་ལས་ཁུངས་གཉིས་ནས་ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་ཕྱི་སྡོད་བོད་མིའི་ཐོག་བལྟ་ཕྱོགས་ལ་འགྱུར་བ་བཏང་ཡོད་པ་ཡང་བཤད་འདུག། སྤྱིར་བཏང་འཐབ་ཕྱོགས་གཅིག་འགྱུར་ཞེས་པའི་ལས་ཁུངས་དེ་ནི་བོད་རྒྱ་གྲོས་མོལ་སྐབས་སྐུ་ཚབ་ཚོའི་མཉམ་གྲོས་མོལ་བྱེད་མཁན་གྱི་ལས་ཁུངས་གཙོ་བོ་དེ་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎