རྒྱ་ནག་གི་འགོ་ཁྲིད་ཁག་ཅིག་བལ་ཡུལ་ལ་འབྱོར་འདུག།

རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཞིག་གིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་པ་བལ་ཡུལ་ནང་ཉིན་གསུམ་གྱི་གཞུང་དོན་གཟིགས་སྐོར་ལ་འདུག།

2012.07.02

རྒྱ་ནག་གཞུང་གི་ལྷོ་ཨེ་ཤ་ཡའི་བདེ་དོན་ལྷན་ཁང་གི་བློན་ཆེན་གཞོན་པ་ཨའེ་ཕིང་གིས་འགོ་ཁྲིད་པའི་སྐུ་ཚབ་ཚོགས་པས་བལ་ཡུལ་ནང་ཉིན་གསུམ་གྱི་གཞུང་དོན་ཕྱོགས་སྐྱོད་མཇུག་བསྒྲིལ་གནང་འདུག    རྒྱ་ནག་གི་བློན་ཆེན་གཞོན་པ་ཨའེ་ཕིང་གིས་བལ་ཡུལ་དམར་ཤོག་མའོ་ཚོགས་པའི་ཚོགས་གཙོ་Pushpa Kamal Dahal དང་།    Congress ཚོགས་པའི་ཚོགས་གཙོ་Sushil Koirala, UML ཚོགས་པའི་ཚོགས་གཙོ་Jhala Nath Khanal བཅས་སོ་སོར་མཇལ་འཕྲད་གནང་སྟེ་དེང་གི་བལ་ཡུལ་ཆབ་སྲིད་གནས་སྟངས་སྐོར་གྲོས་བསྡུར་གནང་འདུག    ལྷག་པར་དུ་ཞི་འགྲིག་དང་ཉེ་ལམ་བལ་ཡུལ་ཁྲིམས་བཟོའི་འཐུས་མིའི་ལྷན་ཚོགས་རྩ་གྲོལ་བཏང་རྗེས་ཅི་བྱ་གཏོལ་མེད་ཀྱི་གནས་སུ་གྱར་བ་བཅས་ཀྱི་སྐོར་གྲོས་བསྡུར་བྱས་འདུག
ཡང་རྒྱ་ནག་གི་བློན་ཆེན་གཞོན་པ་ཨའེ་ཕིང་གིས་བལ་ཡུལ་ལ་གང་ཅིའི་རོགས་རམ་སྤྲོད་རྒྱུའི་འདུན་པ་ཡོད་ལུགས་ནན་བརྗོད་བྱས་པ་མ་ཟད།    སྲིད་དོན་ཚོགས་པ་ཁག་གིས་མང་མོས་ཐོག་ནས་ད་ཡོད་སྲིད་དོན་དཀའ་རྙོག་གང་མྱུར་སེལ་ཐབས་གནང་གལ་ཆེ་ལུགས་གསུངས་གནང་འདུག བལ་ཡུལ་གྱི་ཁྲིམས་བཟོའི་འཐུས་མིའི་ལྷན་ཚོགས་རྩ་གྲོལ་བཏང་བའི་རྗེས་སུ་ རྒྱ་ནག་གི་བློན་ཆེན་གཞོན་པ་ཨའེ་ཕིང་རྒྱ་ནག་གི་འགོ་ཁྲིད་བལ་ཡུལ་དུ་གཞུང་དོན་ཕྱོགས་ཕེབས་གནང་བའི་ཁོངས་ནས་གནས་རིམ་མཐོ་ཤོས་དེ་ཆགས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎