རྒྱ་ནག་གི་ཁུང་ཙི་ཞི་བདེའི་བྱ་དགའི་འོས་མི།
2012.09.10
གནས་ཚུལ་ལྟར། ཕྱི་ལོ་༢༠༡༠་ལོར་འཛམ་གླིང་ནོ་བྷེལ་ཞི་བདེའི་གཟེངས་རྟགས་དེ་བཞིན་རྒྱ་ནག་དམར་པོའི་གཞུང་འཛིན་དང་། ཆབ་སྲིད་ཀྱི་ལྟ་སྤྱོད་ཐ་དད་འཛིན་མཁན་རྒྱ་རིགས་རྩོམ་པ་པོ་Liu Xiaobo་ལ་གནང་བ་དེར་ཁ་གཏད་གདོང་ལེན་བྱེད་ཕྱིར། རྒྱ་གཞུང་གིས་རྒྱ་ནག་གི་རྒྱལ་སྤྱིའི་ཞི་བདེའི་ཞིབ་འཇུག་ལྟེ་གནས་ཞེས་པ་ཞིག་གསར་འཛུཌ་བྱས་པ་རེད། ལྟེ་གནས་ཁང་དེའི་ད་ལོའི་རྒྱ་ནག་གི་ཁུང་ཙི་ཞི་བདེའི་གཟེངས་རྟགས་འཐོབ་རྒྱུའི་འོས་མི་ཁག་གཟའ་ཉི་མའི་ཉིན་གསལ་བསྒྲཌ་བྱས་པའི་ཁོངས་སུ་Microsoft གསར་འཛུཌ་གནང་མཁན་Gill Gates དང་། མཉམ་འབྲེལ་རྒྱལ་ཚོཌ་ཀྱི་དྲུང་ཆེ་ཟུར་པ་Kofi Anan རྒྱལ་ཚོཌ་ཀྱི་ལས་ཐོག་དྲུང་ཆེ་Ban Ki Moon ཐེ་ཡེ་ལེན་གྲའི་སྲིད་བློན་Yingluck Shinawatra རྒྱ་ནག་གི་སྤྱི་ཚོཌ་ཞབས་ཞུ་བ་Wang Dingguo བེ་ཅིང་མཐོ་སློབ་གི་སློབ་དཔོན་Tan Yijie འབྲས་ཐོག་ཞིབ་འཇུག་བྱེད་མཁན་རྒྱ་རིགས་Yuan Longping དང་། དེ་བཞིན་རྒྱ་ནག་གཞུང་གིས་འདེམས་བསྐོ་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་ཚུད་ཡོད་པ་རེད་ སྔ་ལོ་༢༠༡༡་ལོའི་རྒྱ་ནག་གི་ཁུང་ཙིའི་ཞི་བདེའི་གཟེངས་རྟགས་དེ་ནི་ར་ཤི་ཡའི་སྲིད་འཛིན་Vladimir Putin མཆོག་ལ་ཕུལ་ཡོད་པ་དང་དེ་ཕུལ་དོན་ཡང་ཁོང་གིས་ར་ཤི་ཡའི་གནས་བབ་གོང་མཐོར་བཏང་བ་དང་Chechnayའི་ནང་གི་ར་ཤི་ཡའི་གཞུང་ལ་ངོ་རྒོལ་གྱེན་ལངས་བྱེད་མཁན་ཚོ་རྩ་མེད་བཟོས་པའི་རྒྱུ་མཚན་ཁག་དྲངས་ཡོད་པའི་གནས་ཚུལ་འདུག།