ཉི་ཧོང་གྲོས་ཚོགས་ཀྱི་འཐུས་མི་ཚོར་བཀའ་སློབ་སྩལ་འདུག


2013.11.21
༧གོང་ས་མཆོག་གིས་ཉི་ཧོང་གྲོས་ཚོགས་ཀྱི་འཐུས་མི་ཚོར་བཀའ་སློབ་སྩལ་བཞིན་པ། ༧གོང་ས་མཆོག་གིས་ཉི་ཧོང་གྲོས་ཚོགས་
པར། སྐུ་སྒེར་དྲ་བ།

༧གོང་ས་མཆོག་གིས་ཉི་ཧོང་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་ཡོངས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོར་བཀའ་སློབ་སྩལ་འདུག

དེ་ཡང་ཕྱི་ཚེས་༢༠ཉིན་གྱི་སྔ་དྲོར་ཉི་ཧོང་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་ཏུ་༧གོང་ས་མཆོག་གིས། དུས་རབས་ཉི་ཤུ་རྩ་གཅིག་འདི་ཞི་བདེའི་དུས་རབས་ཤིག་ཏུ་འགྱུར་རྒྱུར་ཐུགས་རེ་མཛད་བཞིན་ཡོད་པ་དང་།  འཛམ་གླིང་ནང་མི་འབོར་འཕེལ་རྒྱས་ཧ་ཅང་འགྲོ་བཞིན་པ་དང་། གོ་ལའི་གནམ་གཤིས་འགྱུར་ལྡོག་འགྲོ་བཞིན་པ།  དེ་བཞིན་རང་བྱུང་གོད་ཆག་གི་དཀའ་ངལ་ཇེ་མང་དུ་འགྲོ་བཞིན་པ་སོགས་ལ་བརྟེན་ནས། ང་ཚོར་དཀའ་ངལ་མུ་མཐུད་འཕྲད་ངེས་ཡིན་པ་དང་། དཀའ་ངལ་དེ་དག་ལ་ང་ཚོས་མཉམ་རུབ་ཐོག་ནས་གདོང་ལེན་བྱེད་དགོས་རྒྱུ་དེ་གལ་འགངས་ཆེན་པོ་ཡིན་པའི་སྐོར་བཀའ་སྩལ་ཡོད་པ་དང་།  དེ་བཞིན་༧གོང་ས་མཆོག་ནས་རྒྱ་ནག་གི་འགོ་ཁྲིད་གསར་པ་ཚོས་ཁོང་ཚོ་དངོས་ཡོད་གནས་ཚུ་ཁས་ལེན་མཁན་དང་ཁ་ཡོད་ལག་ཡོད་ཀྱིས་སྲིད་བྱུས་ལག་བསྟར་བྱེད་མཁན་ཡིན་སྐོར་སྐུ་ཉིད་ཀྱི་གྲོགས་པོ་མང་པོས་གསུང་བ་ལུང་འདྲེན་གནང་ཏེ་།  ལྐོག་ཟའི་ཐོག་ད་ལྟའི་སྲིད་འཛིན་སྐུ་ཞབས་ཞིའི་ཅིང་བིང་གིས་དམ་བསྒྲཌ་ཧ་ཅང་བྱེད་བཞིན་ཡོད་པར་བརྟེན་གནད་དོན་དེའི་ཐོག་ཁོང་གི་སྙིང་སྟོབས་ཆེན་པོས་ལག་བསྟར་བྱས་ཡོད་པ་དང་།  ཉེ་ལམ་མཇུག་བསྒྲིལ་བའི་སྐབས་བཅོ་བརྒྱད་པའི་རྒྱ་ནག་དབུས་ཚང་འཛོམས་གྲོས་ཚོགས་ཀྱི་ཐོག རྒྱ་ནག་གི་གྲོང་གསེབ་ས་ཁུལ་གྱི་མི་མང་ཉམ་ཐག་ཚོ་དང་། ངལ་རྩོལ་བ་རྣམས་ཡར་རྒྱས་ཇི་འདྲ་གཏོང་དགོས་མིན་ཐོག་སེམས་འཚབ་ཆེན་པོ་བྱས་ཡོད་པ་མ་ཟད།  ཁྲིམས་ལུགས་འགྲོ་སྟང་འདི་རྒྱལ་སྤྱིའི་གནས་ཚད་དང་མཉམ་པ་ཞིག་ལ་སླེབས་རྒྱུ་གལ་ཆེ་ཡིན་པར་ངོས་འཛིན་བྱས་ཡོད་པས་རྒྱ་ནག་ནང་མ་འོངས་པར་བཟང་ཕྱོགས་གྱི་རེ་བ་ཁོང་ཚོར་རྒྱབ་ཆོག་ཅེས་བཀའ་སློབ་སྩལ་རྗེས་མཐར་༧གོང་ས་མཆོག་ནས་བོད་དོན་ཐོག་གསུངས་སྐབས། མགོན་པོ་གང་ཉིད་མི་ལོ་༥༥ཙམ་བཙན་བྱོལ་དུ་བཞུགས་རིང་མི་སྣ་ཧ་ཅང་མང་པོས་བོད་མིའི་དཀའ་ངལ་ལ་གདུང་སེམས་མཉམ་བསྐྱེད་ཀྱི་རྒྱབ་སྐྱོར་ཤུཌ་ཆེ་གནང་བར་སྙིང་ཐག་པ་ནས་བསྔཌ་བརྗོད་དང་། དཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན་ཞེས་སོཌ་བཀའ་སློབ་སྩལ་གནང་མཛད་འདུག

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎