༧གོང་ས་མཆོག་དབུ་བཞུགས་ཀྱི་རྒྱལ་སྤྱིའི་བྱམས་བརྩེའི་ཉིན་མོ།
2012.11.27
དེ་ཡང་རྒྱ་གར་གྱི་སྙན་ངག་མཁས་ཅན་སྐུ་ཞབས་ Pritish Nandy དང་ Humane རྒྱལ་སྤྱིའི་སྤྱི་ཚོགས་ཞེས་པ་གཉིས་ཟུང་སྦྲེལ་གྱི་ཐོག་ནས་རྒྱ་གར་ནང་ཕྱི་ཟླ་༡༡པའི་ཚེས་༢༦་ཞེས་པའི་དྲན་རྟེན་གྱི་ཉིན་མོ་དང་། ཡང་ཕྱི་ཚེས་༢༨་ཉིན་རྒྱལ་སྤྱིའི་བྱམས་བརྩེའི་ཉིན་མོ་ཞེས་པ་ཞིག་སྲུང་བརྩི་ཞུས་གནང་རྒྱུ་ཡིན་པ་རེད་། ཉིན་དེར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་ཕྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། རྒྱ་གར་གྱི་སྙན་གྲགས་ཅན་གྱི་གློག་བརྙན་འཁྲབ་སྟོན་པ་སྐུ་ཞབས་Anil Kapoor སོགས་གདན་ཞུས་གནང་ཡོད་པ་རེད་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་བྱམས་བརྩེའི་ཉིན་མོའི་སྐོར་གསུངས་དོན་ལྟར་ན་། ད་ལྟའི་དུས་ཚོད་དེར་མི་སྒེར་གྱི་མི་ཚེའི་དོན་སྙིང་དེ་རྒྱལ་ཁབ་དང་རྒྱལ་ཁབ་དབར་གཅིག་པུར་མ་ཡིན་པར་མི་དང་མིའི་དབར་གྱི་བརྩེ་སེམས་དང་འདུ་ཤེས་བཟང་པོ་དགོས་པ་མ་ཟད་། མི་དང་དུད་འགྲོ་སེམས་ཅན་དབར་ལའང་འདུ་ཤེས་བཟང་པོ་འཛིན་དགོས་ཀྱི་ཡོད་པ་རེད་ཅེས་བཀའ་གནང་ཡོད་པ་རེད་། ཡང་རྒྱ་གར་གྱི་སྙན་གྲགས་ཅན་གྱི་གློག་བརྙན་འཁྲབ་སྟོན་པ་སྐུ་ཞབས་Anil Kapoor གིས་མེས་པོ་དམ་པ་Mahatma Gandhi མཆོག་གིས་གསུངས་ཡས་ལ་རྒྱལ་ཁབ་ལ་ཆེ་མཐོང་གང་འདྲ་ཞིག་ཡོད་མེད་དེ་གཙོ་བོ་རྒྱལ་ཁབ་དེས་དུད་འགྲོ་སེམས་ཅན་ལ་བལྟ་སྐྱོང་གང་འདྲ་ཞིག་བྱེད་ཐུབ་མིན་གྱི་ཐོག་ནས་མངོན་ཐུབ་ཀྱི་རེད་ཅེས་གསུངས་པ་ལྟར་བྱམས་བརྩེ་ཞེས་པ་དེ་ཧ་ཅང་གི་གལ་ཆེན་ཡིན་སྐོར་གསུངས་ཡོད་འདུག