༧གོང་ས་མཆོག་གིས་ཨ་སྒོར་ཁྲི་ལྔ་ཞལ་འདེབས།

སྤྱི་ནོར་༧གོང་ས་མཆོག་གིས་ཨ་སྒོར་སྟོང་ཕྲག་ལྔ་བཅུ་ལྔ་གཅིག་ཙམ་ཨ་རིའི་ནང་གི་སྡོད་ཁྱིམ་མེད་པའི་ན་གཞོན་སློབ་གྲྭར་ཞལ་འདེབས་གནང་ཡོད་འདུག

2012.07.20

དེ་ནི་སྐུ་ཉིད་ཁ་སྔོན་ཨ་རིའི་California མངའ་སྡེའི་གྲོང་ཁྱེར་San Diego དུ་ཆིབས་བསྒྱུར་གྱི་མཛད་འཆར་ཐོག་ནས་བྱུང་བའི་དངུལ་ལྷག་ཨ་རིའི་ཊོ་ལར་སྟོང་ཕྲག་ལྔ་བཅུ་ལྔ་གཅིག་ཡོད་རྣམས་གྲོང་ཁྱེར་San Deigo ནང་གི་སྡོད་ཁྱིམ་མེད་པའི་ན་གཞོན་སློབ་གྲྭར་ཞལ་འདེབས་གསོལ་སྕལ་གནང་ཡིན་པ་དང་། ཨ་རིའི་གསར་ཤོག་ཁག་ཅིག་ནང་གནས་ཚུལ་སྤེལ་བའི་ནང་དུ། བླ་མ་བསྟན་འཛིན་དོན་ལྡན་ལགས་དང༌། San Diego མངའ་སྡེའི་མཐོ་སློབ་ཁང།  Dan Diego གཙུག་ལག་སློབ་གྲྭ་བཅས་ཀྱི་དཔོན་རིགས་ནས། རེས་གཟའ་མིག་དམར་ཉིན་སློབ་གྲྭ་དེར་ཨ་སྒོར་སྟོང་ཕྲག་༥༡ ཞལ་འདེབས་ཀྱི་དངུལ་འཛིན་སྤྲོད་རྒྱུའི་གསལ་བསྒྲགས་གནང་ཡོད་པ་ལྟར། སློབ་གྲྭ་དེའི་འགོ་ཁྲིད་ནས། ཞལ་འདེབས་ཀྱི་མ་དངུལ་དེ་དག་གིས། སློབ་གྲྭའི་སློབ་མ་ཚོའི་ཤེས་ཡོན་ཡར་རྒྱས་ལ་རྒྱབ་སྐྱོར་གནང་བ་ཙམ་དུ་མ་ཟད། ཁོང་ཚོ་མ་འོངས་པར་༧གོང་ས་སྐྱབས་མགོན་ཏྰ་ལའི་བླ་མ་ལྟ་བུ་འཛམ་གླིང་ནང་མིག་དཔེར་སྟོན་ཐུབ་པའི་འགོ་ཁྲིད་བཟང་པོ་ཞིག་ཡོང་རྒྱུའི་འབད་བརྩོན་བྱ་རྒྱུ་ཡིན་ཞེས་དང༌། ད་དུང་ཁོང་གིས། ད་རེས་ཀྱི་ཞལ་འདེབས་ཀྱི་དངུལ་དེ་རྣམས སློབ་ཕྲུག་ཚོ་འཛམ་གླིང་ནང་འགོ་ཁྲིད་ཀྱི་འགན་འཁུར་ལེན་སྟངས་ཐད་སློབ་ཁྲིད་དང༌། ཟབ་སྦྱོང་སོགས་ཀྱི་ལས་དོན་འཆར་གཞིའི་ཐོག་གཏོང་རྒྱུ་ཡིན་པ་གསུང་ཡོད་པ་རེད། ཉེ་ཆར་ཡང་སློབ་གྲྭ་དེར་དྲ་རྒྱ་སོགས་ཀྱི་འབྲེལ་མཐུད་ཡར་རྒྱས་གཏོང་ཐབས་སུ་ཊོ་ལར་ཁྲི་ལྔ་ཡི་ཞལ་འདེབས་རགས་པ་དང༌། སློབ་གྲྭ་དེའི་ནང་གི་སློབ་ཕྲུག་༡༥༠ སྡོད་ཁྱིམ་མེད་པ་དང༌། ཁག་ཅིག་འཕྲལ་སེལ་སྡོད་སྒར་དང༌། རིན་གོང་དམའ་བའི་མགྲོན་ཁང་དུ་སྡོད་པ། ཡང་ཁག་ཅིག་ཁྱིམ་ཚང་གཞན་གྱི་ནང་མི་དང་མཉམ་དུ་སྡོད་མཁན་ཤ་སྟག་ཡིན་པ་རེད། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ས་ཕྱོགས་གང་དུ་ཆིབས་བསྒྱུར་གྱི་གདན་ཞུ་ཕུལ་མཁན་ཚོས་གསུང་ཆོས་དང༌། བཀའ་སློབ་སོགས་ཕྱག་འཁྱེར་ཚོང་འགྲེམས་བྱས་པའི་ཕྱག་དངུལ་ཡོངས་རྫོགས། ཉམ་ཐག་དང། ཤེས་ཡོན། ཚན་རིག་ཡར་རྒྱས་ཐོག་ལ་ཞལ་འདེབས་གནང་གི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸རྒྱལ་བའི་ཡང་སྲིད་དང་། རྒྱ་ནག་དམར་ཤོག་གཞུང་གི་ངན་བྱུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎