མེར་བསྲེཊ་གནད་དོན་ཐད་༸གོང་ས་མཆོག་བར་གནས་ཡིན་པ།

༧གོང་ས་མཆོག་གིས་བོད་ནང་གི་བོད་མི་ཚོའི་རང་ལུས་མེར་བསྲེགས་ཀྱི་གནད་དོན་དེ་ཚོར་བ་རྣོ་བའི་ཆབ་སྲིད་གནད་དོན་ཡིན་པ་དང་། ང་དེའི་ཐད་བར་གནས་ཀྱི་བཞེངས་ཕྱོགས་ཡིན་པ་གསུངས་འདུག

2012.07.10

བོད་ནང་བོད་མི་རྣམས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱི་ཆེད་སོ་སོའི་རང་ལུས་མེར་བསྲེག་གི་གནད་དོན་ཐོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བར་གནས་ཀྱི་བཞེངས་ཕྱོགས་འཛིན་གྱི་ཡོད་པའི་སྐོར་རྒྱ་གར་གྱི་གསར་འགོད་པར་བཀའ་ལན་གནང་ཡོད་འདུག
རྒྱ་གར་གྱི་ཧིན་རྡུ་གསར་ཤོག་གི་གསར་འགོད་པས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བོད་ནང་གི་གནད་དོན་དང་ལྷག་པར་དུ་བོད་མིས་སོ་སོའི་སྐུ་ལུས་མེར་བསྲེགས་ཀྱི་དོན་རྐྱེན་སྐོར་བཅའ་འདྲི་ཞུས་འདུག་་  སྐབས་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིས་སྐུ་ལུས་མེར་བསྲེགས་ཀྱི་གནད་དོན་དེ་ཆབ་སྲིད་ཀྱི་རྣོ་ངར་ཅན་གྱི་གནད་དོན་ཡིན་དུས་བཟང་ངན་གྱི་དགོངས་ཚུལ་མ་གསུངས་བའི་བར་གནས་ཀྱི་བཞེངས་ཕྱོགས་འཛིན་གྱི་ཡོད་པའི་སྐོར་བཀའ་གནང་བ་དེ་རེས་གཟའ་ཟླ་བའི་ཉིན་གནས་ཚུལ་ཁྱབ་བསྒྲགས་གནང་འདུག ༧གོང་ས་མཆོག་གིས་འགྲེལ་བརྗོད་གནང་དོན་ལྟར་ན།   གལ་ཏེ་མེར་བསྲེགས་སྐོར་མི་འགྲིག་པའི་དགོངས་ཚུལ་གསུངས་ན།  རང་ལུས་མེར་བསྲེགས་ཀྱི་བློས་བཏང་ཆེན་པོ་གནང་མཁན་ཚོའི་ནང་མི་རྣམས་ལ་བློ་ཕམ་ཡོང་རྒྱུ་ཡིན་པ་དང་།  གལ་ཏེ་རྒྱབ་སྐྱོར་ཡོད་པའི་དགོངས་ཚུལ་བཀའ་གནང་དུས་ རྒྱ་ནག་གིས་སྐྱོན་བརྗོད་བྱེད་ཀྱི་ཡོད་དུས་ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱོགས་རིས་མེད་པ་ བར་གནས་ཀྱི་བཞེངས་ཕྱོགས་འཛིན་གྱི་ཡོད་པའི་སྐོར་བཀའ་གནང་འདུག འོན་ཀྱང་དབུས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམས་ཀྱིས་རྒྱབ་སྐྱོར་དང་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིས་བྱུས་ཐོག་སྐྱོན་བརྗོད་ཤུགས་ཆེ་གནང་གི་ཡོད་པའི་སྐོར་རེས་གཟའ་ཟླ་བར་གནས་ཚུལ་སྤེལ་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎