འཛམ་གླིང་གཅིག་གྱུར་གྱི་རོལ་དབྱངས་འདུ་འཛོམས།

འཛམ་གླིང་ཞི་བདེ་བསྐྲུན་ཐབས་དང་འབྲེལ་བའི་མཛད་རིམ་རྗེས་མུ་མཐུད་འཛམ་གླིང་གཅིག་གྱུར་གྱི་རོལ་དབྱངས་འདུ་འཛོམས་ཞེས་པ་ཚོགས་ནས་དེར་ཡང་༧གོང་ས་མཆོག་དབུ་བཞུགས་གནང་ཡོད་པ་རེད།

2012.10.10

ཨ་མི་རི་ཀའི་མངའ་སྡེ་ནིའུ་ཡོག་ནང་རྟེན་གཞི་བྱས་བའི་སེ་ར་ཀྱེ་སུ་མཐོ་རིམ་སློབ་གྲྭའི་ནང་འདས་པའི་ཉིན་གྲངས་གཉིས་རིང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་ཐོག་འཛམ་གླིང་ཞི་བདེ་བསྐྲུན་ཐབས་དང་འབྲེལ་བའི་མཛད་འཆར་ཆེ་ཁག་དུ་མ་སྤེལ་རྗེས་ཚེས་༩ ཉིན་གྱི་མཚན་མོར་མཐོ་རིམ་སློབ་གྲྭའི་རྩེད་ཐང་དུ་འཛམ་གླིང་གཅིག་གྱུར་གྱི་རོལ་དབྱངས་འདུ་འཛོམས་ཞེས་པ་ཚོགས་ཡོད་པ་རེད།

རོལ་དབྱངས་འདུ་འཛོམས་དེར་སློབ་ཕྲུག་དང་མི་དམངས་སོགས་ཁྱོན་བསྡོམས་མི་གྲངས་ཉིས་ཁྲི་བཞི་སྟོང་ཙམ་འཛོམས་ཡོད་པ་ཨ་རིའི་ཨེན་སྦི་སི་བརྙན་འཕྲིན་ལས་ཁང་གིས་གནས་ཚུལ་སྤེལ་འདུག མཛད་སྒོའི་སྔོན་༧གོང་ས་མཆོག་གིས་དུས་ཡུན་སྐར་མ་ལྔ་བཅུའི་རིང་བླང་དོར་གྱི་བཀའ་སློབ་བསྩལ་གནང་མཛད་པ་དང༌། ཚོགས་མང་གིས་དགའ་བསུ་ཆེན་པོ་བྱས་ཡོད།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རང་སོ་སོའི་བདེ་བ་འགྲུབ་པའི་ཐབས་ལམ་བཟང་ཤོས་ནི་གཞན་ཕན་བྱ་རྒྱུ་དེ་ཡིན་པ་དང༌།  ནང་སེམས་ཀྱི་ཞི་བདེ་ནི་སེམས་ལ་སྦྱོང་བརྡར་སྤྲད་ནས་ཡོང་དགོས། ཇི་ཙམ་གྱིས་གཞན་ཕན་གྱི་བློ་སྦྱང་པ་དེ་ཚོད་ཀྱིས་སྤྱི་ཚོགས་ནང་ཞི་བདེ་ལྷིང་འཇགས་ཆེ་བ་ཡོང་རྒྱུ་ནི་གདོན་མི་ཟ་བ་ཡིན་པ་གསུངས་ཡོད།

ད་དུང་སྐབས་དེར་གསར་འགོད་པ་ཚོས་༧གོང་ས་མཆོག་ལ་རོལ་དབྱངས་ཚོགས་པ་དང་། གཞས་པ་སུ་ལ་ཐུགས་མཉེས་བོ་ཡོད་པ་བཀའ་འདྲི་ཞུས་བར་༧གོང་ས་མཆོག་ནས་གཞས་སྣའི་རིགས་གསན་སྲོལ་མེད་ན་ཡང་ཁོང་ཚོ་མང་པོི་ཞིག་འཛམ་གླིང་ཞི་བདེའི་ཆེད་འདུ་འཛོམས་བྱུང་བར་བསྔགས་བརྗོད་གནང་གི་ཡོད་ཅེས་དང༌། ལྷག་པར་དུ་རོལ་གཞས་ཀྱི་ལམ་ནས་ཞི་བདེ་དང་མཐུན་ལམ་གོང་འཕེལ་གཏོང་ཐུབ་པར་བརྟེན་རོལ་གཞས་ནི་མི་ས་ཡ་མང་པོར་ལན་བརྡ་གཏོང་ཐུབ་ནུས་པ་ཡོད་པའི་བརྒྱུད་ལམ་ཞིག་ཡིན་པ་རེད་ཅེས་བཀའ་གནང་འདུག

ཚེས་ ༡༠ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཝིར་ཇི་ནི་ཡ་མངའ་སྡེའི་ནང་ཞབས་སོར་འཁོད་ནས་ས་ཁུལ་དེའི་ནང་ཡོད་པའི་ Williams Marry མཐོ་རིམ་གཙུག་ལག་སློབ་གྲྭའི་ནང་མང་ཚོགས་ལ་བཀའ་སློབ་གསུང་བཤད་གནང་རྒྱུ་དང༌། ཕྱི་ཚེས་ ༡༡ ཉིན་མངའ་སྡེ་དེ་གའི་ནང་ཡོད་པའི་ཝིར་ཇི་ནི་ཡ་མཐོ་རིམ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་མཛད་འཆར་ཁག་ཅིག་སྐྱོང་གནང་མཛད་རྒྱུ་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎