བྱང་ཆུབ་ལམ་སྒྲོན་གྱི་གསུང་ཆོས་དབུ་འཛུགས།

ལ་དྭགས་ནང་པའི་རིག་གཞུང་ལྷན་ཚོགས་དང་ནང་པའི་དགོན་ཚོགས་གཉིས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་༧གོང་ས་མཆོག་གིས་དད་ལྡན་མང་ཚོགས་ཁྲི་ཚོ་ཁ་ཤས་ལ་བྱང་ཆུབ་ལམ་སྒྲོན་གྱི་གསུང་ཆོས་གནང་འདུག

2012.08.06

དེ་ཡང་ཚེས་༤་ སྔ་དྲོ་ཆུ་ཚོད་ ༨ ཐོག་༧གོང་ས་མཆོག་གིས་ སླེ་ལྕོག་ལམ་སར་ཡོད་པའི་ཞི་བའི་ཚལ་ཕོ་བྲང་གི་གསུང་ཆོས་རྭ་བར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ་ཐོག་མར་ས་གནས་ཡུལ་མི་དང་བོད་མི་ཆོས་ཞུ་བ་རྣམས་ལ་ནང་ཆོས་ངོ་སྤྲོད་དང་འབྲེལ་བཀའ་སློབ་སྩལ་བའི་ནང་  ལ་དྭགས་པར་ཆ་བཞག་ན་ཕ་མེས་ནས་ནང་པ་ཞིག་ཆགས་ཡོད་པ་དང་། ་ལ་དྭགས་ནང་ལའང་ཁ་ཆེ་དང། ཡེ་ཤུ། ཧིན་དྷུ་ཡོད་ཀྱང་  ལ་དྭགས་སྤྱིའི་ཆ་ནས་ནང་པའི་ཡུལ་གྲུ་ཡིན་པ་དང་ ། ལ་དྭགས་ཀྱི་རིག་གཞུང་དང་གོམ་གཤིས་རྩིས་ན་སངས་རྒྱས་པའི་ཆོས་ཆགས་ཡོད་ལུགས་བཀའ་གནང་བཞག།

དེ་བཞིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ རྩ་བའི་ཆོས་དང་ལྟ་གྲུབ་ཟེར་རྒྱུ་དེ་ནི་ཆོས་ཀྱི་རྒྱབ་རྟེན་འཚོལ་གྱི་ཡོད་པ་དང་། ཆོས་ཉམས་སུ་ལེན་སྟངས་དེ་ནི་བྱང་ཆུབ་ལམ་སྒྲོན་དང་ལམ་གཙོ་རྣམ་གསུམ་འདི་གཉིས་པོ་ཡིན་པ་དང་། ལམ་སྒྲོན་དེ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་བོད་མཐོ་ལྡིང་ལ་མཛད་པ་ཞིག་ཡིན་ལུགས་བཀའ་གནང་བཞག།  དེ་ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ བྱང་ཆུབ་ལམ་སྒྲོན་གྱི་བཤད་ལུང་དེ་གཡེང་ཀོང་མཚན་ཞབས་རིན་པོ་ཆེའི་སྐུ་མདུན་ནས་ཞུས་པ་ཞིག་ཡིན་པ་དང་། ལམ་གཙོའི་བཤད་ལུང་ཕལ་ཆེར་སྟག་བྲག་རིན་པོ་ཆེ་དང་  གླིང་རིན་པོ་ཆེ་དང་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་སྐུ་མདུན་ནས་ཐོབ་ཡོད་ཅེས་བཀའ་སློབ་སྩལ་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎