༧གོང་ས་མཆོག་རིང་མིན་འབྲས་ལྗོངས་ལ་ཆིབས་བསྒྱུར།

༧གོང་ས་མཆོག་རིང་མིན་འབྲས་ལྗོངས་སུ་ཆིབས་བསྒྱུར་བསྐྱང་གནང་ནས་སྟོན་པའི་སྐུ་བརྙན་ལ་རབ་གནས་དང་། ནང་པའི་སྤྱི་གླིང་ཞེས་པ་དབུ་འབྱེད་གནང་རྒྱུ་ཡིན་པ་རེད་འདུག

2013.02.05

དེ་ཡང་ཕྱི་ཟླ་གཉིས་པའི་ཚེས་༤ ཉིན་སྒང་ཏོག་ནས་གནས་ཚུལ་སྤེལ་བའི་ནང༌། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འབྲས་ལྗོངས་སུ་ཕྱི་ཟླ་གསུམ་པའི་ཚེས་༢༦ ཉིན་མཐོ་ཚད་ཕི་ཀྲི་༡༣༥ཡོད་པའི་སྟོན་པའི་སྐུ་བརྙན་ལ་རབ་གནས་དང་། ནང་བའི་སྤྱི་གླིང་དབུ་འབྱེད་མཛད་རྒྱུ་མ་ཟད། སྐལ་བཟང་གི་དུས་སྐབས་དེར་ལྷོ་ཨ་ཕེ་རི་ཀའི་ཡུལ་གྲུ་ཁག་ནས་སྟོན་པའི་རིང་སེལ་ཡང་གདན་ཞུ་གནང་རྒྱུ་ཡིན་པའི་སྐོར་སོགས་འབྲས་ལྗོངས་མངའ་སྡེ་གཞུང་གིས་བཤད་འདུག

Ravangla ཞེས་པའི་ས་ཁུལ་དེ་ནི་འབྲས་ལྗོངས་ཀྱི་ལྷོ་ཕྱོགས་སུ་ཆགས་པའི་ཡུལ་སྐོར་སྤྲོ་འཆམ་པ་བསྐྱོད་ཡུལ་གྲོང་ཚོ་ཆུང་ཆུང་ཞིག་ཡིན་པ་དང༌། ས་ཁུལ་དེའི་ནང་དུ་རི་བོ་གངས་ཅན་མཛོད་ལྔ་སོགས་སྐད་གྲགས་ཅན་གྱི་རི་རྩེ་གསལ་པོ་མཐོང་ཐུབ་ཡུལ་ཞིག་ཡིན་པ་དང༌། ས་ཁུལ་དེར་བོད་མི་སྐྱབས་བཅོལ་བའི་གཞི་ཆགས་ཀྱང་ཡོད་པ་མ་ཟད། Ravangla ནས་སྤྱི་ལེ་དྲུག་ཕྱིན་པའི་མཚམས་སུ་བཀའ་རྒྱུད་སློབ་གཉེར་ཁང་སོགས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎