༧གོང་ས་མཆོག་ལོ་རྗེས་མར་ཨ་རིར་ཕེབས་འཆར་འདུག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལོ་རྗེས་མར་ཨ་རིའི་ཁེན་ཁྲའུ་ཁེ་མངའ་སྡེ་ནང་ཆིབས་བསྒྱུར་བསྐྱངས་རྒྱུ་ཡིན་པ་རེད་འདུག

2012.08.01

Courier Journal ཞེས་པའི་ས་གནས་དེའི་གསར་ལམ་ཐོག་གནས་ཚུལ་སྤེལ་བའི་ ནང༌། ལོ་རྗེས་མའི་ཕྱི་ཟླ་༥པའི་ཚེས་༡༩ནས་༢༡བར་ཆིབས་བསྒྱུར་བཀྲིན་བསྐྱངས་ཀྱི་ཡོད་པ་ལྟར། ཁུལ་དེའི་ནང་ནང་པའི་ཆོས་ཚོགས་ཀྱི་ལྷ་ཁང་ལ་རབ་གནས་དང་མང་ཚོགས་ལ་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་ཞིང༌། ༡༩༩༤ནས་བཟུང་༧གོང་ས་མཆོག་Louisville དུ་ཞབས་གསོར་འཁོད་པ་ཐེངས་དང་པོ་དེ་ཆགས་རྒྱུ་ཡིན་པ་རེད།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གདན་ཞུ་གནང་མཁན་ Louisville ནང་རྟེན་གཞི་གནང་བའི་འབྲས་སྤུང་གོ་མང་གྲྭ་ཚང་གི་ཆོས་ཚོགས་ཀྱི་ཚོགས་གཙོ་Anne Walter ཡིས་ ལོ་རྗེས་མ་༧གོང་ས་༧སྐྱབས་མགོན་ཆེན་པ་མཆོག་གིས་ ཆོས་ཚོགས་ཀྱི་ལྷ་ཁང་དང་ལྟེ་གནས་ཁང་དུ་རབ་གནས་སྐྱབས་འཇུ་གནང་རྒྱུ་དང༌། གྲོང་ཁྱེར་དེའི་ནང་གི་མང་ཚོགས་དང་སློབ་ཕྲུག་ཚོར་སྙིང་རྗེའི་སྐོར་བཀའ་སློབ་། དེ་བཞིན་ཁུལ་དེའི་ནང་གི་ནང་པ་ཚོར་གསུང་ཆོས་བཀྲིན་ཆེ་གནང་མཛད་རྒྱུ་ཡིན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎