བོད་དོན་ཐོག་མུ་མཐུད་ལས་འགུལ་སྤེལ་དགོས་པའི་འབོད་སྐུལ

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཕྱི་ནང་གི་ཚོགས་མི་རྣམས་ལ་བོད་དོན་ཐོག་མུ་མཐུད་ལས་འགུལ་སྤེལ་དགོས་པའི་འབོད་སྐུལ་ནང་འདུག

2012.11.19

དེ་ཡང་བཞུགས་སྒར་རྡ་རམ་ས་ལར་བསྐོང་ཚོགས་གནང་བའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐོག་ཕེབས་པའི་ཚོགས་མི་རྣམས་ལ་རེས་གཟའ་སྤེན་པ་ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་གནང་བའི་ནང་ ཁྱེད་རྣམ་པས་གང་ཐུབ་བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་ཕྱག་ལས་མུ་མཐུད་གནང་རོགས་གནང་ཞེས་བཀའ་གནང་ཡོད་པ་དང་། དེ་བཞིན་༧གོང་ས་མཆོག་གིས་རྒྱལ་ཁབ་མང་པོའི་གྲོས་ཚོགས་ནང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཡོད་སྟབས་གྲོས་ཚོགས་ཀྱི་འཐུས་མི་དེ་ཚོ་དང་ལྷན་དུ་འབྲེལ་བ་གནང་ནས་མཉམ་རུབ་ཀྱི་ཐོག་ནས་བོད་དོན་ལས་འགུལ་སྤེལ་དགོས་པའི་འབོད་སྐུལ་གནང་འདུག།

ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་དོན་ལས་འགུལ་གང་འདྲ་ཞིག་སྤེལ་ཀྱང་ འཚེ་མེད་ཞི་བའི་ལམ་གཞི་ལ་བཞག་པའི་ཐོག་ནས་གནང་དགོས་པ་དང་། བོད་དོན་འཐབ་རྩོད་ནི་འཚེ་མེད་ཞི་བའི་ལམ་ཁོ་ནའི་ཐོག་ནས་འཐབ་རྩོད་གནང་དགོས་ལུགས་བཀའ་གནང་འདུག  དེ་བཞིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ད་ལྟའི་བོད་ནང་གི་གནས་སྟངས་ཐོག་ཧ་ཅང་ཐུགས་འཚབ་ཆེན་པོ་ཡོད་ལུགས་ཡང་བཀའ་གནང་ཡོད།

རྡ་རམ་ས་ལར་བསྐོང་ཚོགས་གནང་བའི་ རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་ཐོག་རྒྱལ་ཁབ་ཁག་མི་འདྲ་བ་ ༤༣ ནས་བོད་དོན་རྒྱབ་སྐྱོར་གནང་མཁན་ཚོགས་པ་སྒྲིག་འཛུགས་ཁག་དང་། བོད་རིགས་སྤྱི་མཐུན་ཚོགས་པ། དེ་བཞིན་སྐུ་ཚབ་དོན་གཅོད་བཅས་ནས་ཁྱོན་མི་གྲངས་ ༢༠༠ བརྒལ་བ་མཉམ་ཞུགས་གནང་ཡོད་འདུག་ལ་  ཁོང་རྣམས་ཀྱིས་འབྱུང་འགྱུར་ལོ་གཅིག་ནང་ལས་དོན་ལག་བསྟར་གྱི་འཆར་གཞི་ཁག་ཅིག་ཀྱང་གཏན་འབེབས་གནང་ཡོད་འདུག

ད་དུང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནི་གུ་ཡངས་དང་མང་གཙོ་ རང་དབང་མང་བ་དང་ཆེ་བ་ དེ་བཞིན་ཁྲིམས་ཀྱི་དབང་བསྒྱུར་ཕྱོཌ་སུ་འཕེལ་རྒྱས་འགྲོ་བཞིན་ཡོད་སྟབས་ རྒྱ་ནག་གཞུང་དེ་བཞིན་སྟོབས་ཤུཌ་དང་དབང་ཤུཌ་ཆེན་པོ་ག་ཚོད་ཡོད་རུང་ འཛམ་གླིང་གི་འཕེལ་ཕྱོཌ་དེ་ནས་གཡོལ་མ་ཐུབ་པར་འཕེལ་ཕྱོཌ་དེའི་རྗེས་སུ་འགྲོ་དགོས་རྒྱུ་ཡིན་ལུཌ་དང་། ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྔ་རྒྱ་ནག་དམར་ཤོག་ཚོཌ་པའི་གཙོ་འཛིན་Deng Xiaoping ཡིས་དངོས་བདེན་གནས་ཚུལ་ལ་གཞི་བཅོལ་ནས་དྲང་བདེན་འཚོལ་ཞིབ་བྱ་དགོས་སྐོར་གསུངས་པ་བཞིན་དུ་རྒྱ་མིའི་དཔོན་རིགས་ཚོས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁག་ལ་གཞིག་པའི་སྲིད་ཇུས་ལག་ལེན་བསྟར་དགོས་པ་དང་དངོས་གསུམ་མམ་དོན་དམ་མ་ཡིན་པའི་སྲིད་ཇུས་འཛིན་ནས་བོད་ནང་གི་དཀའ་རྙོག་སེལ་ཐུབ་རྒྱུ་མིན་སྐོར་བཀའ་སྩལ་གནང་མཛད་འདུག་ ཡང་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་༧མགོན་པོ་གང་ཉིད་ཆབ་སྲིད་ནས་རྒས་ཡོལ་ཞུས་ཟིན་སྟབས་བོད་མི་མང་གིས་འོས་འདེམས་ཞུས་པའི་དབུ་ཁྲིད་ནས་གང་གསུངས་པ་ཡོངས་རྫོཌ་བདེན་པ་ཡིན་པ་དང་བོད་ནང་གནས་ཚུལ་ཛ་དྲག་པོ་ཡོད་པ་དང་བོད་ནང་གི་ཛ་དྲག་གནས་སྟངས་དེ་བོད་མི་དང་རྒྱ་མི་གཉིས་ཀར་ཡག་པོ་མེད་སྐོར་བཀའ་གནང་བ་མ་ཟད་ དྲག་ཤུཌ་བེད་སྤྱོད་བཏང་སྟེ་བོད་ཀྱི་དཀའ་རྙོག་སེལ་ཐུབ་རྒྱུ་མིན་སྐོར་བཀའ་གནང་འདུག་ སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་འཁོར་ཡུག་ཉམས་རྒུད་འགྲོ་བཞིན་པར་ཐུཌ་འཚབ་ཆེན་པོ་གནང་བ་དང་འབྲེལ་ རྒྱ་ནག་གཞུང་གིས་བོད་ཀྱི་ཤིང་ནགས་གཅོད་འབྲེག་དང་རང་བྱུང་ཐོན་ཁུངས་ཁག་སྔོག་འདོན་ཤུཌ་ཆེ་བྱས་པའི་རྐྱེན་གྱིས་གནོད་སྐྱོན་ཚབས་ཆེན་པོ་བཏང་ཡོད་པ་དང་བོད་ནི་ས་ཆ་མཐོ་ལ་གནམ་གཤིས་སྐམ་དྲག་པའི་རྐྱེན་གྱིས་གལ་ཏེ་བོད་ཀྱི་སྣོད་བཅུད་ལ་གནོད་སྐྱོན་བཏང་ཚེ་ དེ་ཉམས་གསོའི་ཆེད་དུས་ཚོད་མང་བ་འགོར་རྒྱུ་ཡིན་ལུཌ་ཀྱང་བཀའ་སློབ་སྩལ་གནང་མཛད་ཡོད་པའི་གནས་ཚུལ་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎