ལྡི་ལི་བསམ་ཡས་གླིང་གི་བོད་མི་བློ་བདེ་བོ་ཆགས་འདུག

ལྡི་ལི་བོད་སྒར་བསམ་ཡས་གླིང་གི་ས་ཆའི་དཀའ་རྙོག་ཁྲིམས་ཐོག་ནས་ཐག་ཆོད་བྱུང་ནས་ད་ཆ་བོད་མི་རྣམས་རང་འཇགས་གནས་ཐུབ་པར་ཁུལ་དེའི་བོད་མི་རྣམས་བློ་བདེ་པོ་ཆགས་ཡོད་རེད།

2012.09.17

དེ་ཡང་ལོ་ཁ་ཤས་གོང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་འཛུགས་བསྐྲུན་ལས་གཞི་རྒྱ་བསྐྱེད་གཏོང་རྒྱུའི་ཆ་ཤས་སུ་།  ལྡི་ལི་བོད་སྒར་བསམ་ཡས་གླིང་ (Majnu ka Tilla) དང་། ལ་དྭགས་བུདྡཱ་ཝི་ཧར་གཉིས་ཀྱི་བོད་མིའི་སྡོད་སྒར་དང་། ཟ་ཁང་ཚོང་ཁང་སོགས་ཚང་མ་གཏོར་བཤིག་བཏང་ནས་གཙང་མ་བཟོ་དགོས་པའི་བཀའ་ཁྱབ་གནང་བའི་ཛ་དྲག་གནས་ཚུལ་བྱུང་བར་བརྟེན་། ཁུལ་དེའི་བོད་མི་ཚོས་ས་ཆའི་དཀའ་རྙོག་སྐོར་ཁྲིམས་མཐུན་ཞུ་གཏུག་ཐེངས་མང་ཞུས་ཏེ་། དེའི་སྐོར་ཁྲིམས་ཁང་ནང་ཞུ་གཏུག་འགྲོ་མུས་ཡིན་པ་དེ་བཞིན་ཕྱི་ཟླ་ ༩ ཚེས་ ༨ ཉིན་ཁྲིམས་ཁང་གིས་ཐག་གཅོད་གནང་བའི་ནང་།  ལྡི་ལི་བོད་སྒར་བསམ་ཡས་གླིང་ཁུལ་དུ་གནས་སྡོད་བོད་མི་རྣམས་གཞན་ལ་སྤོར་མ་དགོས་བར་ཁྲིམས་མཐུན་གནས་སྡོད་ཆོག་པའི་གསལ་བསྒྲགས་གནང་ཡོད་པ་དང་།  དབུས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས། ལྡི་ལི་མངའ་སྡེའི་བློན་ཆེན་ལྕམ་སྐུ་ཤི་ལ་ཌིག་ཤི་ཏི་མཆོག་དང་། གྲོས་ཚོགས་འཐུས་མི་སྐུ་ཞབས་Parlad Singh Sawhneyམཆོག་རྣམ་གཉིས་ཀྱིས་བོད་མིའི་ས་ཆའི་དཀའ་ངལ་སེལ་ཐབས་སུ་དམིགས་བསལ་གཟིགས་སྐྱོང་གནང་བར་བཀའ་དྲིན་ཆེ་ཞུས་འདུག འོན་ཀྱང་ད་ལྟ་ལ་དྭགས་བུདྡཱ་ཝི་ཧཱར་ས་ཆའི་ཐད་ཐག་གཅོད་གནང་ཐུབ་མེད་སྟབས། དེའི་ཐོག་ལའང་ཕྱོགས་མཚུངས་གཟིགས་སྐྱོང་གནང་རོགས་གནང་ཞེས་འབོད་སྐུལ་གྱི་ཞུ་སྙན་ཕུལ་ཟིན་པ་རེད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎