ཀརྨ་པ་མཆོག་མཇར་མན་ནེ་ལ་ཕེབས་རོགས་ཞུས་བ།

རྒྱ་ནག་དམར་པོའི་གཞུང་དང་བལྟ་སྤྱོད་ཐ་དད་འཛིན་མཁན་རྒྱ་རིགས་རྩོམ་པ་པོ་ཞིག་གིས་རྒྱལ་དབང་ཀརྨ་མཆོག་ལ་མཇལ་ཁ་ཞུ་ཞོར་སྐུ་ཉིད་མཇར་མན་ནེ་རྒྱལ་ནང་ཕེབས་རོགས་ཞུས་འདུག།

2012.09.10

རྒྱ་གར་གྱི་ཉིན་རེའི་གསར་ཤོག་The Indian Express ཞེས་པས་གནས་ཚུལ་སྤེལ་དོན་། རྒྱ་རིགས་རྩོམ་པ་པོ་Liao Yiwu ཡིས་རྒྱ་ནག་དམར་པོའི་གཞུང་ལ་ངོ་རྒོལ་སྐྱོན་བརྗོད་འཁོད་པའི་རྩོམ་བྲིས་མང་པོ་སྤེལ་བར་བརྟེན་ནས་ཁོང་ལོ་མང་རིང་བཙོན་འཇུག་བྱས་པའི་རྗེས་སུ་བཙོན་གྲོལ་ཐོབ་ན་ཡང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འགྲོ་བསྐྱོད་ཆོག་པའི་ཐོངས་ཆེན་ལག་ཁྱེར་མ་སྤྲད་པའི་རྐྱེན་གྱིས་སྔ་ལོ་ཁོང་གིས་ཝེཏ་ནམ་བརྒྱུད་ནས་པོ་ལེན་གྲ་དང་དེ་ནས་ཇར་མན་ནང་བྲོས་བྱོལ་དུ་ཕེབས་ནས་ཡུལ་དེའི་ནང་སྐྱབས་བཅོལ་ཞུས་ཡོད་ཅིང་། ད་རེས་ཁོང་རྒྱ་གར་ནང་ཕེབས་ནས་ཀརྨ་པ་སྐུ་ཕྲེང་༡༧་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དེང་སྐབས་ཇར་མ་ནིའི་རྒྱལ་ས་བྷར་ལིན་ནང་འཚོཌ་བཞིན་པའི་རྒྱལ་སྤྱིའི་རྩོམ་བྲིས་པའི་དུས་ཆེན་ལ་ཕེབས་གནང་ཡོང་བའི་མགྲོན་འབོད་ཞུ་ཕྱིར་ཡིན་སྟབས་རེས་གཟའ་སྤེན་པའི་ཉིན་ཀརྨ་པ་མཆོག་མཇལ་ཁ་ཞུས་ནས་དེང་སྐབས་བོད་ནང་གི་བོད་མི་མང་པོས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་མཁན་ཡོངས་ཀྱི་ཆེད་དུ་སྨོན་ལམ་གསུངས་འགུལ་ནང་ཀརྨ་པ་མཆོག་ལྷན་བཞུཌ་གནང་ཕྱིར་ཇར་མ་ནིའི་ནང་ཆིབས་བསྒྱུར་བསྐྱངས་གནང་ཡོང་བའི་གསོལ་འདེབས་ཞུས་འདུག་ ཕྱི་ལོ་༢༠༡༢་ལོའི་ཇར་ནིའི་རྒྱལ་ས་བར་ལིན་ནང་ཚོཌ་པའི་རྒྱལ་སྤྱིའི་རྩོམ་བྲིས་པའི་དུས་ཆེན་གྱི་སྐུ་མགྲོན་གཙོ་བོར་གདན་འདྲེན་ཞུས་པ་དང་ལོ་འདིའི་ཇར་མ་ནིའི་རྩོམ་བྲིས་དུས་ཆེན་གྱི་ཞི་བདེའི་གཟེངས་རྟགས་ཐོབ་པ་རྒྱ་རིགས་རྕོམ་བྲིས་པ་Liao Yiwu ཡིས་འདས་པའི་ཟླ་བ་མང་པོའི་རིང་ཀརྨ་པ་མཆོག་ཇར་མ་ནིའི་ནང་ཆིབས་བསྒྱུར་བསྐྱངས་རྒྱུའི་ཐད་འབད་བརྩོན་ཆེན་པོ་བྱས་ཡོད་པ་རེད་ ཀརྨ་པ་མཆོག་ཕྱི་ལོ་༢༠༠༠་ལོའི་ཕྱི་ཟླ་དང་པོའི་ནང་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་པ་ནས་བཟུང་རྒྱ་གར་གཞུང་གིས་ཁོང་ཨ་མེ་རི་ཀར་ཆིབས་བསྒྱུར་ཐེངས་མ་གཉིས་ལས་བསྐྱངས་བཅུགས་མེད་པ་རེད་ དེས་ན་ཀརྨ་པ་མཆོག་ཇར་མ་ནིའི་ནང་ཕེབས་ཐུབ་མིན་ཡང་རྒྱ་གར་གཞུང་གིས་ཁོང་ལ་ཕྱིར་བསྐྱོད་ཕྱག་ཁྱེར་འབུལ་མིན་ལ་རག་ལུས་རྒྱུ་ཡིན་ལུཌ་དང་རྒྱ་རིགས་Liao ཡིས་ཀརྨ་པ་མཆོག་མཇལ་ཁ་ཞུ་སྐབས་ཀརྨ་པ་རིན་པོ་ཆེ་མཆོག་གིས་བོད་ནང་བོད་མི་མང་པོས་རང་ལུས་མེར་སྲེག་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་བཞིན་པ་དེར་ཐུཌ་འཚབ་ཆེན་པོ་ཡོད་པ་དང་ཁོང་Berlin་ལ་ཕེབས་ནས་རང་ལུས་མེར་སྲེག་མཁན་འདས་སོན་ཡོངས་དང་བོད་ནང་དཀའ་སྡུག་མྱོང་བཞིན་པའི་བོད་མི་ཡོངས་ཀྱི་ཆེད་དུ་ཐུཌ་སྨོན་སྐྱབས་འཇུག་གནང་རྒྱུའི་ཐུགས་འདོད་ཡོད་སྐོར་བཀའ་གནང་ཡོད་ལུཌ་ཀྱང་བརྗོད་ཡོད་པའི་གནས་ཚུལ་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎