ཉི་ཧོང་རྒྱ་ལ་མགོ་སྒུར་ནས་བོད་གཉིས་པར་འགྱུར་འདོད་མེད།
2012.08.29
ཉེ་ཆར་མཚོ་གླིང་(Diaoyu )དང་། ཉི་ཧོང་གིས་སེན་ཀ་ཀུ་(Senkaku) ཕན་ཚུན་བར་གྱི་འབྲེལ་བ་ཛ་དྲག་ཏུ་གྱུར་ཡོད་པ་དང་། དེའི་ཐད་ཨ་རིའི་ (Wall Street Journal) གསར་ཁང་གིས་ཀྲོ་ཁུ་ཡོ་གྲོང་ཁྱེར་སྲིད་སྐྱོང་བར་བཅར་འདྲི་བྱེད་སྐབས། ཁོང་གིས་ “བོད་ལ་བསམ་བློ་ཞིག་ཐོངས་དང་། བོད་ནི་ད་ལྟ་རྒྱ་ནག་གི་མངའ་ཁོངས་འོག་ཚུད་ཡོད་ཅིང་། གལ་སྲིད་བོད་ནི་ཨོ་རྩེད་འགྲན་ཚོགས་(Olympic) འཚོགས་ཡུལ་ཞིག་བྱ་འདོད་ཡོད་ཀྱང་དེར་སྙན་ཞུ་འབུལ་ཐུབ་བམ། ཁོ་ཚོར་རྒྱལ་ཁབ་མེད། དབུ་ཁྲིད་མེད། མཐའ་ན་ཁོ་ཚོའི་རིག་གཞུང་ཡང་བརླགས་ཚར་བ་རེད། ཁོ་ཚོར་གཅིག་ཡོད་པ་ནི་རྒྱ་གར་ལ་ཡོད་པའི་བཙན་བྱོལ་བོད་མིའི་བསྟི་གནས་ངྷ་རམ་ས་ལ་རེད། དེར་བརྟེན་ངས་ཉི་ཧོང་འདི་བཞིན་རྒྱ་འོག་ནས་བོད་གཉིས་པ་ཞིག་ཏུ་འགྱུར་འཇུག་འདོད་མེད་”ཅེས་བརྗོད་འདུག