གྲུབ་ཚེའི་སྐུ་ཕུང་ཞུགས་འབུལ།
2013.03.28

Photo: RFA
༄༅། །བལ་ཡུལ་ནང་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་སྟེ་འདས་གྲོངས་སུ་ཕེབས་པའི་གྲྭ་འགྲུབ་ཆེན་ཚེ་རིང་དམ་པ་དེའི་སྐུ་ཕུང་བལ་པོའི་འབྲེལ་ཡོད་མི་སྣས་ས་གནས་བོད་མིར་རྩིས་སྤྲོད་མ་བྱས་པར་ཉེ་ཆར་ཕྱི་ཚེས་༢༥མཚན་མོར་གསང་བའི་སྒོ་ནས་བལ་པོའི་ན་གཞོན་བཞི་ལ་གླ་སྤྲད་ནས་ Pashupati Aryaghat ཞེས་པར་ཞུགས་འབུལ་ཞུ་རུ་བཅུགས་འདུག དགེ་འདུན་པ་འགྲུབ་ཆེན་ཚེ་རིང་ལཌ་ཀྱིས་འདི་ལོའི་ཕྱི་ཟླ་༢ཚེས་༡༣ཉིན་བལ་ཡུལ་གྱི་མཆོད་བརྟེན་བྱ་རུང་ཁ་ཤོར་མདུན་ཐང་ལ་རང་ལུས་མེར་སྲེག་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་སྟེ་འདས་གྲོངས་སུ་ཕེབས་པ་དང་། བོད་མི་རྣམས་ཀྱིས་ཁོང་གི་སྐུ་ཕུང་བོད་མིར་རྩིས་སྤྲོད་དགོས་པའི་རེ་སྐུལ་བསྟུད་མར་ཞུས་ཡོད་པར།བལ་ཡུལ་གཞུང་གིས་ཡ་ལན་རྩ་བ་ནས་བྱས་མེད་པ་རེད།།