ཧོ་ལེན་ཌ་ལ་རྒྱ་ནག་གཞུང་གིས་གནོན་ཤུགས་སྤྲད་ཡོད་པ།

ཧོ་ལེན་ཌ་སྲིད་བློན་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་རྒྱུ་མིན་པའི་གནས་ཚུལ།

2009.05.23

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་རྗེས་མའི་ཚེས་བཞི་ནས་ལྔའི་བར་ཡོ་རོབ་ཀི་རྒྱལ་ཁབ་ཧོ་ལེན་ཌ་ལ་ཆིབས་བསྒྱུར་གནང་སྐབས་ཧོ་ལེན་ཌའི་སྲིད་བློན་མཆོག་གིས་༸གོང་ས་མཆོག་དང་མཇལ་འཕྲད་གནང་ན་ཞེས་ཡུལ་དེའི་གྲོས་ཚོགས་ཀྱིས་གྲོས་གཞི་ཞིག་བཏོན་གནང་ཡོད་པ་རེད།

འོན་ཀྱང་ཧོ་ལེན་ཌའི་གཞུང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་སྲིད་བློན་གྱི་ཚབ་ཏུ་ཕྱི་སྲིད་བློན་ཆེན་གྱིས་༸གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་དང་གལ་ཏེ་སྲིད་བློན་མཆོག་གིས་༸གོང་ས་མཆོག་དང་མཇལ་འཕྲད་གནང་བ་ཡིན་ན་དེས་ཧོ་ལེན་ཌ་དང་རྒྱ་ནག་བར་གྱི་འབྲེལ་བར་གནོད་འཚེ་བྱ་རྒྱུ་ཡིན་པ་ལས་ཕན་ཐོགས་གང་ཡང་ཡོང་རྒྱུ་མེད་ལུགས་གསལ་བཤད་བྱས་ཡོད་པ་རེད།

ཧོ་ལན་ཌའི་གཞུང་གིས་འཛིན་པའི་སྲིད་བྱུས་དེ་ནི་རང་ཉིད་རྒྱ་ནག་གི་གནོན་ཤུགས་འོག་ཏུ་མགོ་མགུར་བ་རེད་ཅེས་ཡུལ་དེའི་གཡོན་ཕྱོགས་ཀྱི་ལྟ་གྲུབ་འཛིན་མཁན་ལྗང་ཁུ་ཚོགས་པས་སྣེ་ཁྲིད་དེ་ཡུལ་དེའི་གྲོས་ཚོགས་ནང་གི་ཕྱོགས་འགལ་ཚོགས་པ་ཁག་གིས་སྐྱོན་བརྗོད་ཞུས་ཡོད་པ་རེད།

ཡུལ་དེའི་གྲོས་ཚོགས་ཀྱིས་༸གོང་ས་མཆོག་གདན་འདྲེན་ཞུས་ན་མི་འགྲིག་ཅེས་རྒྱ་ནག་གིས་ཉེན་བརྡ་བཏང་ཡོད་རུང་ཧོ་ལེན་ཌའི་གྲོས་ཚོགས་ཀྱི་ངོས་ནས་༸གོང་ས་མཆོག་གྲོས་ཚོགས་སུ་གདན་འདྲེན་ཞུ་རྒྱུ་ཡིན་པ་མ་ཟད་རྒྱ་ནག་གི་ཆབ་སྲིད་ཐོག་ལ་ང་ཚོས་ཐེ་བྱུས་བྱེད་ཀྱི་མེད་པ་བཞིན་རྒྱ་ནག་གི་ཕྱོགས་ནས་ཀྱང་ང་ཚོའི་གྲོས་ཚོགས་ལས་དོན་ཐད་ལ་ཐེ་བྱུས་མི་བྱེད་པར་བརྩི་བཀུར་གནང་བའི་རེ་བ་ཞུ་རྒྱུ་ཡིན་ཞེས་ཧོ་ལེན་ཌའི་གྲོས་ཚོགས་ནང་གི་གཞུང་འཛིན་ཡེ་ཤུའི་དམངས་གཙོ་ཚོགས་པའི་ཚོགས་མི་སྐུ་ཞབས་མར་ཊིན་ཧེ་སྦར་ཀེམ་ཞུ་བས་རྒྱ་ནག་གི་གཞུང་ཚབ་ཁང་ལ་གསུངས་གནང་ཡོད་པ་ཨེ་པི་གསར་སྤེལ་ལས་ཁང་གིས་གནས་སྤེལ་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎