ཡོ་རོབ་གྲོས་ཚོཊ་ཀྱི་འཐུས་མི་འཁྲུངས་སྐར་ལ་ཕེབས་པ།

ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཁག་གཅིག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༧༧ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོར་མཉམ་ཞུགས་གནང་འདུག

2012.07.13

བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ལྟར་ན།  ཕྱི་ཟླ་༧ པའི་ཚེས་༡༡ ཉིན་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་གིས་ཡོ་རོབ་གྲོས་ཚོགས་ཀྱི་ལས་ཁུངས་ཨ་མའི་ཉེ་འཁྲིས་ཀྱི་Albert ཚོགས་ཁང་ཆེན་མོའི་ནང་སྐུའི་འཁྲུངས་སྐར་གྱི་མཛད་སྒོ་གོ་སྒྲིག་ཞུས་པའི་སྐབས། ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་Thomas Mann མཆོག་ཆེད་ཕེབས་ཀྱིས་གསུང་བཤད་གནང་ཡོད་བ་དང༌། ཁོང་གིས། བོད་ཀྱི་སྐྱབས་མགོན་ཏྰ་ལའི་བླ་མ་མཆོག་ནི། བོད་དོན་བདེན་པའི་འཐབ་རྩོད་གནང་མཁན་དབུ་ཁྲིད་པའི་མཛད་བཟང་ལ་ང་ཚོས་དུས་རྟག་ཏུ་བསྔགས་བརྗོད་ཞུ་བཞིན་ཡོད། ཡོ་རོབ་སྤྱི་མཐུན་ཚོགས་པས། དམངས་གཙོ་དང་རང་དབང་གི་ཆེད་དུ་འཐབ་རྩོད་གནང་མཁན་བོད་མི་ཚོར་ཐབས་ལམ་འདྲ་མིན་ཐོག་ནས་རྒྱབ་སྐྱོར་ཞུས་དང་ཞུ་མུས་ཡིན་ཞེས་གསུང་ཡོད་པ་རེད། ད་དུང་མཛད་སྒོའི་ཐོག་གཞུང་འབྲེལ་གྱི་མཛད་གཙོ་རྣམ་པ་དང༌། ཡོ་རོབ་གྲོས་ཚོགས་ཀྱི་སྐུ་ཚབ་འཐུས་མི། བྷེལ་ཇམ་གྲོས་ཚོགས་ཀྱི་འཐུས་མི། ཡོ་རོབ་གྲོས་ཚོགས་དང་བྷེལ་ཇམ་གྲོས་ཚོགས་ཀྱི་འབྲེལ་ཡོད་ལས་བྱེད་པ་ཁག་ཅིག  བོད་ཀྱི་ཆོས་ཚོགས་དང༌། ས་གནས་བོད་རིགས་། བོད་དོན་རྒྱབ་སྐྱོར་བ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་གི་སྐུ་ཚབ། གསར་འགོད་པ། མཁས་དབང་སོགས་མཉམ་ཞུགས་གནང་ཡོད་པའི་སྐོར་བཀོད་བཞག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎