༧གོང་ས་མཆོག་ཨ་མི་རི་ཀའི་ནེའུ་ཡོག་ཏུ་ཕེབས་འཆར།

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་མི་རི་ཀའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཡོད་པའི་སེ་ར་ཀོའུ་སུ་གཙུག་ལག་སློབ་གྲྭར་མི་རིང་བའི་ཟླ་བཅུ་པའི་ནང་ཆིབས་བསྒྱུར་གནང་འཆར་འདུག

2012.08.28

དེ་ཡང་Syracuse གཙུག་ལག་སློབ་གྲྭས་གསལ་བསྒྲགས་ཤིག་སྤེལ་བའི་ནང༌། གཙུག་ལག་སློབ་གྲྭ་དེ་ཡིས་ཕྱི་ཟླ་བཅུ་པའི་ཕྱི་ཚེས་༨ དང་༩ ཉིན་གྲངས་གཉིས་རིང་གོ་སྒྲིག་གནང་རྒྱུའི་ཞི་བདེའི་དུས་སྟོན་ཐོག་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་བསྐྱང་གནང་གི་ཡོད་པ་དང༌།  ཕྱི་ཟླ་བཅུ་པའི་ཚེས་༩ རེས་གཟའ་མིག་དམར་དུས་སྟོན་གྱི་ཉིན་གཉིས་པའི་ཕྱི་དྲོའི་ཕྱག་ཚོད་༧ པའི་ཐོག་གསུང་བཤད་གནང་རྒྱུའི་མཛད་འཆར་ཡོད་ཅིང༌། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་བཤད་གྲུབ་པའི་རྗེས། འཛམ་གླིང་གཅིག་གྱུར་གྱི་རོལ་དབྱངས་འདུ་འཛོམས་ཤིག་གོ་སྒྲིག་གནང་སྟེ། འཁྲབ་སྟོན་གྱི་ངོ་སྤྲོད་གནང་མཁན་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་Whoopi Goldberg དང་Dave Mattehws སོགས་འཁྲབ་སྟོན་པ་བཅུ་གྲངས་འགའ་ཤས་ཀྱིས་འཁྲབ་སྟོན་གནང་གི་ཡོད་པ་རེད།

ད་དུང་ཉིན་གཉིས་ཀྱི་དུས་སྟོན་དེའི་རིང་ལ་ཆེད་ལས་མི་སྣའི་དབར་ལ་སློབ་མ་དང་འཇོན་ཐང་ངམ་ནུས་པ་གོང་འཕེལ་གཏོང་ཕྱོགས་ཐོག་བགྲོ་གླེང་གནང་རྒྱུ་ཡིན་ཞིང། བགྲོ་གླེང་དེའི་ནང་ཞུགས་མཁན་ནི་ཨ་རིའི་གསང་བའི་ལས་ཁང་གི་འགོ་འཛིན་James Woolsey དང༌། Nobel ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་མཁས་དབང་Mohamed El Baradei, དེ་སྔ་ཨ་རིའི་ནང་དུ་མི་རིགས་དཀར་ནག་དབྱེ་འབྱེད་མེད་པ་བཟོ་མཁན་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་Matin Luther King གི་ཚ་བོ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ཟུར་པ་Andrew Young སོགས་གནད་ཡོད་མི་སྣ་ཁག་ཡོད་པ་རེད།  བགྲོ་གླེང་དེ་ནི་ཨ་རིའི་NBC བརྙན་འཕྲིན་ལས་ཁང་གི་གསར་འགོད་པས་བརྗོད་གཞི་ཁག་གཉིས་གཙོ་སྐྱོང་བྱས་ཏེ། བརྗོད་གཞི་དང་པོ་དེ་ནི། ན་ནིང་ཨ་རབ་ཡུལ་གྲུའི་ནང་དམངས་གཙོའི་ལས་འགུལ་དར་ཁྱབ་ཆེན་པོ་བྱུང་བའི་གནད་དོན་སྐོར་དང༌། གཅིག་ཤོས་དེ་ནི་ཞི་བདེ་སྐྲུན་ཐབས་ལ་རྒྱལ་སྤྱིའི་དོ་སྣང་འགྱུར་བགྲོས་སྐོར་ལ་གླེང་རྒྱུ་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎