གཟི་བརྗིད་ལྡན་པའི་ངང་བོད་ལ་ཕྱིར་ལོག་ཐུབ་ན་ཡག་པོ་འདུག

བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མ་འོངས་པར་བོད་ལ་སྐྱིད་པའི་ཉི་མ་ཤར་སྐབས་ཆོས་ལུཌ་རིས་མེད་ཀྱི་བོད་མི་ཡོངས་རྫོཌ་གཟི་བརྗིད་ལྡན་པའི་ངང་བོད་ལ་ཕྱིར་ལོག་ཐུབ་ན་ཡག་པོ་འདུག་གསུངས།

2012.07.16

འདི་ཟླའི་ཚེས་༡༤་ཉིན་ཤི་རི་ན་གྷར་ནང་གི་བོད་རིགས་ཁ་ཆེའི་གཞོན་ནུའི་མཐུན་ཚོཌ་དང་བོད་རིགས་ཁ་ཆེའི་སློབ་གྲ་གཉིས་ཟུང་འབྲེལ་སྒོ་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གུས་བསུའི་སྣེ་ལེན་གྱི་མཛད་སྒོ་ཞིག་གོ་སྒྲིག་ཞུས་ཡོད་པར་ ཐོག་མར་མངའ་སྡེའི་སྤྱི་ཁྱབ་Omar Abdullah མཆོག་གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གུས་བསུའི་སྣེ་ལེན་ཟབ་རྒྱས་ཞུས་པའི་རྗེས་སུ་༧མགོན་པོ་གང་ཉིད་ནས་བོད་རིགས་ཁ་ཆེའི་སློབ་གྲ་དེ་བཞིན་ཡར་རྒྱས་ཆེན་པོ་ཕྱིན་པར་བསྡཌ་བརྗོད་མཛད་པ་མ་ཟད་ད་དུང་ཡང་དགེ་ལས་སློབ་ཕྲུག་ཡོངས་ཀྱིས་འབད་བརྩོན་མུ་མཐུད་གནང་དགོས་པའི་མ་ཤེས་བཀའ་སློབ་ཟབ་མོ་སྩལ་བ་དང་སྦྲགས་དེར་བསྡུས་བོད་རིགས་ཁ་ཆེའི་མི་མང་གཙོས་པའི་ས་གནས་ལ་ཚོང་འབྲེལ་ཆེད་ཕེབས་པའི་བོད་མི་༢༠༠༠་བརྒལ་བ་རྣམས་ལ་བཀའ་སློབ་སྩལ་བ་དང་།  ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་རིགས་ཁ་ཆེའི་གཞོན་ནུ་རྣམས་དབུས་བོད་མིའི་སྒྲིག་འཛུཌ་ཀྱི་གཞུང་ཞབས་ལས་བྱེད་ཁོངས་སུ་ཞུཌ་ཐབས་གནང་དགོས་པའི་ལམ་སྟོན་བཀའ་སློབ་སྩལ་གནང་མཛད་འདུག    མངའ་སྡེའི་སྐུ་མགྲོན་དུ་ཆིབས་བསྒྱུར་བསྐྱངས་པའི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཇ་མུ་དང་ཀཤ་མིར་མངའ་སྡེའི་སྲིད་སྐྱོང་NN Vohra སྟེང་གཅལ་རྣམ་གཉིས་ལ་་མཇལ་འཕྲད་གནང་ཡོད་པའི་གནས་ཚུལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎