ལྷོ་ཕྱོགས་མཛད་འཆར་དབུ་འཛུགས།


2013.03.05
༧གོང་ས་མཆོག་ཕྱི་ཚེས་༦ཉིན་ཊུམ་ཀུར་གཙུག་ལག་སློབ་ཁང་དུ་ཆིབས་བསྒྱུར་གྱིས་བཀའ་སློབ་གནང་རྒྱུ།
Photo: RFA

༄༅།    །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དེ་རིང་དགོང་དྲོ་རྒྱ་གར་ལྷོ་ཕྱོགས་ཀར་ཎ་ཊཀ་མངའ་སྡའི་གྲོང་ཀྱེར་སྦེང་ལོར་དུ་བཞུགས་མཛད་རྒྱུ་དང་།    སང་ཉིན་ཕྱི་ཟླ་ ༢ ཚེས་ ༦ ཉིན་སྦེང་ལོར་གྲོང་ཁྱེར་ནས་རྒྱང་ཐག་ཀི་ལོ་མི་ཊར་ ༧༠ ཙམ་གྱི་སར་ཆགས་པའི་ཏུམ་ཁུར་གྲོང་ཁྱེར་དུ་ཆིབས་བསྒྱུར་གནང་གི་ཡོད་པ་རེད།    
ཐེངས་འདིའི་ཆིབས་བསྒྱུར་འདི་ནི་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་སེར་བྱེས་གྲྭ་ཚང་དང་ཏུམ་ཁུར་གཙུག་ལག་སློབ་གྲྭ་ཆེན་མོ་བཟུང་འབྲེལ་གྱི་ཐོག་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་གཟབ་མོ་ཐོབ་སྟེ། སང་ཕྱི་ཚེས་ ༦ ཉིན་ཏུམ་ཁུར་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་དེང་དུས་འགྲོ་བ་མིའི་དཀའ་ངལ་དང། སངས་རྒྱས་བཅོམ་ལྡན་འདས་ཀྱི་མཁྱེན་པ། ཞེས་པའི་བརྗོད་གཞིའི་སྒོ་ནས་གནང་རྒྱུའི་བགྲོ་གླེང་ཚོགས་འདུའི་དབུ་མགོན་དུ་ཞབས་སོར་འཁོད་གནང་མཛད་རྒྱུ་ཡིན་འདུག་ཅིང། དེ་རྗེས་བརྗོད་གཞི་དེ་གའི་ཐོག་བླང་དོར་གྱི་བཀའ་སློབ་བསྩལ་གནང་མཛད་རྒྱུའི་མཛད་འཆར་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎