རྒྱ་ནག་གི་རྒྱལ་གཅེས་སློབ་གསོའི་འཆར་གཞི་ལ་ངོ་རྒོལ།

ཧོང་ཀོང་གི་དགེ་རྒན་སློབ་ཕྲུག་དང་ཁྱིམ་བདག་ཕ་མ་སྟོང་ཕྲག་མང་པོས་རྒྱ་ནག་གི་རྒྱལ་ཞེན་རིང་ལུགས་ཀྱི་སློབ་གསོ་འཆར་གཞི་ལ་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར་གཞི་རྒྱ་ཆེན་པོ་བྱས་འདུག

2012.07.30

རིང་མིན་ཕྱི་ཟླ་དགུ་པའི་ནང་ཧོང་ཀོང་གི་སློབ་གྲྭ་ཁག་གི་སློབ་དུས་གསར་པ་འགོ་འཛུགས་སྐབས་སློབ་གཞིའི་ནང་རྒྱལ་ཞེན་གྱི་ལྟ་བ་སྐུལ་སྤེལ་བྱ་རྒྱུའི་སློབ་གཞི་གསར་པ་ལག་བསྟར་བྱ་རྒྱུའི་འཆར་གཞིར་ངོ་རྒོལ་བྱེད་མཁན་མང་ཚོགས་ཀྱི་གྲས་སུ་སློབ་ཕྲུག་དང་དམངས་གཙོ་དོན་གཉེར་བ་མང་པོ་ཡོད་ཅིང༌། མི་མང་ཚོ་ཧོང་ཀོང་གཞུང་གི་ལས་ཁང་ལྟེ་བ་ཡོད་སར་རྔམ་སྟོན་ཁྲོམ་སྐོར་བྱས་བཞག ཧོང་ཀོང་མང་ཚོགས་ཀྱིས་ རྒྱལ་ཞེན་རིང་ལུགས་ཀྱི་སློབ་གསོ་སྤེལ་རྒྱུའི་འཆར་གཞི་དེས་ལོ་ཆུང་བྱིས་པ་ཚོ་ཆུང་དུས་རང་ནས་རྒྱ་ནག་དམར་ཤོག་ཚོགས་པར་དགའ་ཞེན་དང་རྒྱབ་སྐྱོར་བྱེད་མཁན་བཟོ་རྒྱུའི་ཉེན་ཚབས་མཐོང་བཞིན་ཡོད་ནའང༌། རྒྱ་ནག་གཞུང་གིས་འཆར་གཞི་དེས་ཡུལ་མི་ཚོ་རྒྱལ་ཁབ་ལ་ཤ་ཞེན་དང་གདེང་སྤོབས་ཡོད་པ་བཟོ་རྒྱུའི་དམིགས་ཡུལ་ཡིན་སྐོར་བརྗོད་ཡོད་པ་རེད།

རྒྱ་ནག་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་ཚོགས་པ་ཁག་གིས་ དམར་ཤོག་ཚོགས་པའི་ལྟ་གྲུབ་ལ་བསྟོད་ར་བཏང་བའི་དེབ་ཆུང་ཞིག་འགྲེམས་སྤེལ་བྱས་ནས། དེབ་ཆུང་དེ་ཧོང་ཀོང་གི་སློབ་གྲྭ་ཁག་ནང་སློབ་གཞིའི་ཡིག་ཆ་བཟོ་རྒྱུའི་གནས་ཚུལ་ཐོན་པའི་རྗེས་ཧོང་ཀོང་མང་ཚོགས་ཀྱིས་ངོ་རྒོལ་དེ་དག་བྱས་ཡོད་པ་དང༌། ངོ་རྒོལ་དེའི་ནང་མཉམ་ཞུགས་བྱེད་མཁན་ལོ་གྲངས་༩ལ་སླེབས་པའི་སློབ་ཕྲུག་གཅིག་གིས་ ཧོང་ཀོང་གི་མི་རབས་གསར་པ་ཚོར་རྒྱ་ནག་གཞུང་གིས་དམར་ཤོག་ཚོགས་པ་རླབས་ཆེན་ཡིན་པའི་ཕྱོགས་ཅིག་གི་གནས་ཚུལ་དེ་ཤེས་རྟོགས་ཐུབ་པ་བཟོ་རྒྱུའི་དམིགས་ཡུལ་བཅངས་པ་ལས། གཞུང་གི་བྱ་སྤྱོད་སྡུག་པ་དེ་ཚོ་བཤད་ཀྱི་མེད་དུས། ཕྱོགས་ལྷུང་ཅན་གྱི་དེབ་ཆུང་དེར་ངས་ངོས་ནས་དགག་ཆ་ཡོད་ཅེས་བརྗོད་འདུག།རྒྱ་ནག་གཞུང་གིས་ཧོང་ཀོང་ལ་༢༠༡༧ལོར་སོ་སོའི་ས་གནས་ཀྱི་འགོ་ཁྲིད་འོས་འདེམས་བྱ་རྒྱུ་དང༌། ༢༠༢༠མཚམས་སུ་ས་གནས་ཀྱི་གྲོས་ཚོགས་འཐུས་མི་འོས་བསྡུ་བྱ་རྒྱུའི་ཐོབ་ཐང་སྤྲོད་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་ད་བར་གནད་དོན་དེ་གཉིས་ཐད་གཏན་འཁེལ་གྱི་འཆར་གཞི་བཟོས་མེད་སྟབས། ཧོང་ཀོང་མང་ཚོགས་ཀྱིས་རྒྱ་ནག་གཞུང་གི་བྱེད་སྟངས་དེར་ཁོང་ཁྲོ་ཆེན་པོ་བྱེད་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎